​དགའ་ལྡན་བྲག་ལུང་བཀྲ་ཤིས་ཆོས་གླིང་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-01-12 22:43:28     རྩོམ་པ་པོ།   བློ་བཟང་བརྟན་པ།    ཀློག་ཐེངས།  

微信图片_20230112224152.jpg

      དགའ་ལྡན་བྲག་ལུང་བཀྲ་ཤིས་ཆོས་གླིང་ནི་དཔའ་ལུང་རྫོང་གི་ནུབ་ཏུ་སྤྱི་ལེ་༢༠ཡས་མས་མཚམས་སུ་ཡོད། དགོན་འདི་རྗེ་ངག་དབང་ཚུལ་ཁྲིམས་དཔལ་བཟང་བོས་གཅན་ཚའི་ནང་སྟོད་དེ་བསྭོ་མན་ལྕང་གཤར་ཡན་གྱི་དགོན་པ་གསུམ་གྱི་ནང་ཚན་བྲག་ལུང་དགོན་བཏབ།

མཁན་པོ་སྐུ་ཕྲེང་དྲུག་པ་དགེ་འདུན་ལུང་རྟོགས་རབ་རྒྱས་ནས་འདུ་ཁང་གསར་བཞེངས་མཛད།

དགོན་འདིར་རྗེ་གསེར་ཁང་བ་སྐྱེས་ཆེན་དམ་པ་མང་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།

རིག་གསར་གྱིས་བཅོམ་བརླག་ཐེབས་ཀྱང་ནང་རྟེན་སྐོར་ཞིག་འགྲོ་བའི་བསོད་ནམས་བསོག་པའི་ཞིང་ས་རུ་དུས་ད་ལྟར་ཡང་བཞུགས།

ཆོས་སྒོ་ཕྱེས་པའི་རྗེས་སུ་འདུ་ཁང་བསྐྱར་བཞེངས་ཐེངས་འགའ་མཛད་ནས་ད་ལྟ་སྤྱི་ལོ་༢༠༡༣ལོར་འདུ་ཁང་འདི་ཉིད་བཞེངས་འགོ་བརྩམས་ནས་༢༠༡༧ལོར་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་།

ང་བརྒྱད་སྔོན་དུ་གྲྭ་བ་བརྒྱ་ལྷག་དང་། ཡང་དར་ཆོས་སྒོ་ཕྱེ་བའི་རྗེས་སུ་གྲྭ་བ་ཉེར་ལྔ་ཡས་མས། དེང་སྐབས་བླ་མ་གསུམ་དང་གྲྭ་བ་བཅོ་ལྔ་ཙམ་བཞུགས། ལྷ་སྡེ་ཚོ་བ་བདུན་ཡོད།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།