སེ་ཀྲི་དགོན་པའམ་གསེར་རི་དགའ་ལྡན་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-01-11 22:09:32     རྩོམ་པ་པོ།   ངག་དབང་ཆོས་རྒྱས།     ཀློག་ཐེངས།  

微信图片_20230111220910.jpg

སེ་ཀྲི་དགོན་ནི་དཔའ་ལུང་རྫོང་གསེར་གཞུང་ཡུལ་ཚོའི་ལུང་བའི་བྱང་ཕྱོགས་སུ་ཡོད། 

 སྤྱི་ལོ་༡༦༧༧ལོར་སྔར་གྱི་སེ་ཏྲི་རི་ཁྲོད་ཀྱི་གནས་སུ་ཁོ་ཡན་ལུང་བའི་དགོན་པ་བཞི་སྟེ།  ལྷ་ཁང་དགོན་སྔོན་ཐང།  ལུང་རི་དགོན།  ཟེགས་སྒར་གླེ་དགོན།  མཚམས་ཁང་ཀྱུ་དགོན་བཅས་ཕྱོགས་གཅིག་ཏུ་བསྡུས་པ་ལ་གསེར་རི་དགའ་ལྡན་ཆོས་འཕེལ་གླིང་ཞེས་པ་འདི་བཏབ། 

 ཨ་ལགས་མ་ཎི་བ་ཚང་དང་།  ཨ་ལགས་ཡར་ཁ་ཚང་།  སྐུ་འབུམ་དགོན་པའི་གཟུམ་ཁང་གོང་མ་བཅས་ནི་དགོན་འདིའི་བླ་མ་རྣམ་པ་གསུམ་ཡིན་ལ་སྐུ་ཕྲེང་རིམ་བྱོན་གྱིས་ལོ་རེ་མོས་ངང་ཁྲི་སྐྱོང་བཞིན་ཡོད་དོ།  །

དགོན་པ་འདིར་འདུ་ཚོགས་རྒྱས་སྐབས་སུ་གྲྭ་བཙུན་བརྒྱ་དང་བཞི་བཅུ་ལྷག་བཞུགས།  ལྷ་སྡེ་འཚོ་བ་བཅུ་བཞི་ཡོད། ལོ་རྒྱུས་ཞིབ་ཕྲ་ཨ་ལགས་ཡར་ཁ་ཚང་གིས་བརྩམས་པའི་དགོན་པའི་བྱུང་བ་བརྗོད་པར་གསལ་བས་དེར་གཟིགས་པར་ཞུ།

ལོ་རྒྱུས་ཞིབ་ཕྲ་ཨ་ལགས་ཡར་ཁ་ཚང་གིས་བརྩམས་པའི་དགོན་པའི་བྱུང་བ་བརྗོད་པར་གསལ་བས་དེར་གཟིགས་པར་ཞུ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།