གཤོན་ཤན་ཇོ་བོ་དཔལ་འབར་མཐོང་བ་དོན་ལྡན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-21 17:39:32     རྩོམ་པ་པོ།   དགེ་ལུགས་དྲ་བ།     ཀློག་ཐེངས།  

 微信图片_20180226115339.jpg

 

 

ཞོང་ཤན་ཇོ་བོ་ནི་དཔའ་ལུང་གི་བྱ་ཁྱུང་དགོན་པའི་ཉེ་སའི་ཞོང་ཤན་རི་ཁྲོད་བཞུགས་ཤིང་། མདོ་སྨད་ཆོས་འབྱུང་ལས། ཞོང་ཤན་རི་ཁྲོད་དུ། བི་ཤྭ་ཀརྨས་ཐུབ་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་གཅིག་བཞུགས།ཞེས་གསུངས།

སྔོན་བཅོམ་ལྡན་འདས་ཤཱཀྱའི་དབང་བོ་རྒྱལ་བྱེད་ཚལ་དུ་བཞུགས་པའི་ཚེ། འཇམ་དཔལ་གྱིས་གསོལ་བ་བཏབ་པས། ཞལ་འཛུམ་པའི་འོད་ཟེར་རྣམ་པ་བཞི་བྱུང་བས་ཚངས་པ་དང་། ཁྱབ་འཇུག  དབང་བོ། བི་ཤྭ་ཀརྨ་རྣམས་སྤྱན་སྔར་འདུས་ཏེ་ཆོས་ལོངས་སྤྲུལ་པའི་སྐུ་རྣམས་བཞེངས་པར་གསོལ་བ་བཞིན།  ཚངས་པས་ལྷའི་རིན་པོ་ཆེ་དུ་མ་སྤུངས་པ་ལས་ཆོས་སྐུ།  ཁྱབ་འཇུག་གི་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ།  དབང་བོས་སྟོན་པ་དགུང་ལོ་བརྒྱད་དང་།  བཅུ་གཉིས། ཉེར་ལྔ་བཅས་ཀྱི་སྐུ་ཚད་ཅན་གསུམ། བི་ཤྭ་ཀརྨས་རིན་པོ་ཆེ་དུ་མ་ལས་སྟོན་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་དུ་གྲགས།

དཀར་ཆག་ཏུ། ཀོའུ་ཤྲི་བླ་མ་དཀར་པོ་ཞེས་པ་རྒྱ་ནག་ཐང་ཐོ་རྒྱལ་པོའི་བླ་མ་བྱས། རྒྱལ་པོས་ཞབས་ཏོག་བསྒྲུབས་ཏེ་ཇོ་བོ་འདི་གདན་དྲངས། གྲུབ་པའི་གནས་མཆོག་སྐྱེས་རིའི་གསེར་ཁང་གི་མདུན་ངོས་སུ་ཞུགས། གཡས་གཡོན་གྱི་མར་མེ་མཛད་དང་བྱམས་པ་གཉིས་ནི། ས་པཎ་དང་། འགྲོ་མགོན་འཕགས་པའི་དགོངས་རྫོགས་སུ་རྒྱལ་པོས་བཀའ་གནང་ལྟར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཞེངས་ཟེར་འདུག ཅེས་གསུངས།

ཆོམ་རྐུན་འགའ་ཞིག་གིས་སྐུ་རྒྱུ་གསེར་ཡིན་པར་བཟུང་སྟེ་སྐུ་ལ་སྟ་རེས་བསྣུན་མ་ཐག་དངངས་སྐྲག་བྱུང་། འབྲོས་པར་བརྩམས་ཀྱང་སྒོ་ཁང་དེར་ཁྲག་བསྐྱུགས་ཏེ་ཤི་འགའ་ཞིག་གིས་མཐོང་སྣང་ལ་སྐུའི་འོད་ཟེར་གྱིས་གཙུག་ལག་ཁང་ཁྱབ་པ་བྱུང་བས་མཚན་ལ་ལྷ་ཆེན་དཔལ་འབར་གྲགས་ཞེས་མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཏུ་གསུངས།

སྤྱི་ལོ་༡༩༥༤ལོར་ཆག་ག་ཞབས་དྲུང་རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་གཙོས་གྲྭ་རིགས་ཐུན་མོང་ནས་རྟེན་རྣམས་ལ་དངུལ་གྱི་དབུ་རྒྱན་དང་བྲང་རྒྱན།  བཟང་གོས་ཀྱི་ན་བཟའ་དང་མཆོད་རྫས་སྣ་མང་བསྒྲུབས། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།