ཅོག་རོང་གྲྭ་ཚང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-28 22:03:54     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

       ༄༅། ། གྲུབ་མཐའ་རི་བོ་དགེ་ལུགས་པ་ཡིན། ཅོག་རོང་བཤད་སྒྲུབ་རྒྱ་མཚོས་རབ་དྲག་མེ་གླང་ཕྱི་ལོ་༡༦༤༩ལོར་བཏབ། དགོན་འདི་བཏབ་ནས་ད་ལྟ་རབ་བྱུང་བཅུ་བདུན་པ་འདིའི་ཡན་ལ་ལོ་སུམ་བརྒྱ་ལྔ་བཅུ་ལྷག་ཙམ་སོང་། དགོན་སྡེ་འདི་དང་། རྡོར་དགོན་ཐོས་བསམ་འཕེལ་རྒྱས་གླིང་འདི་གཉིས་ཕྱག་འདེབས་མཛད་པ་པོ་ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ཡིན། རྗེས་སུ་ཆུ་བཟང་ཏ་ལེ་ཧུ་ཐོག་ཐུས་ཁ་འཛིན་བྱེད་འདུ་ཁང་སྟེང་འོག་ཁྱམས་ར་སྒོ་ཁང་ཇ་ཁང་དང་བཅས་ཡོད། གྲྭ་ཤག་ཕལ་ཆེར་ད་ལྟ་མ་བཤིག་པར་ཡོད། ཆོས་ཐོག་དང་། དྲུག་བསྒྲལ་བའི་འཆམ་སོགས་ཡོད། ང་བརྒྱད་ཡར་སྔོན་དབུས་ཀྱི་འབྲས་སྤུངས་དགེ་འཕེལ་རི་ཁྲོད་པའི་བཀའ་འགྱུར་དང་། བསྟན་འགྱུར་གཉིས་སྡེ་འདིར་ཞུས། དེ་མ་གཏོགས་སྐུ་གསུང་ཐུགས་རྟེན་གཞན་མང་ཡང་འདིར་མ་བྲིས་སོ། ། 

གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།