རྫོང་རྩེ་གསང་ཕུ་ཐུབ་བསྟན་དར་རྒྱས་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-10 14:32:07     རྩོམ་པ་པོ།   དམ་ཆོས་རྒྱ་མཚོ།    ཀློག་ཐེངས།  

微信图片_20180910143655.jpg

རྫོང་རྩེ་གསང་ཕུ་ཐུབ་བསྟན་དར་རྒྱས་གླིང་།

རྫོང་རྩེ་གསང་ཕུ་ཐུབ་བསྟན་དར་རྒྱས་གླིང་ནི་འབལ་རྫོང་ཐང་མགོ་གྲོང་རྡལ་ལྷོ་ཕྱོགས་སར་སྤྱི་ལེ་སུམ་བཅུ་ཙམ་གྱི་སར་དཀར་མོ་དགོན་པའི་བསམ་གཏན་རྫོང་གི་ཕུར་ཆགས་ཤིང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བླ་མ་ལྕང་སྐྱ་རིན་པོ་ཆེ་ཤེས་རབ་དར་རྒྱས་ཚང་མི་ལོ་སུམ་བཅུ་ལ་ཚེ་མཚམས་སུ་བཞུགས་པའི་གནས་ཡིན།

2007ལོར་འབའ་རྫོང་གི་ཆོས་ལུགས་བྱ་འགུལ་སྤེལ་བའི་ས་ཚིགས་ཀྱི་ཆོག་མཆན་གནང་ཞིང་།ད་ལྟ་ཁོང་རིན་པོ་ཆེ་ཚང་བཞུགས་སའི་མཚམས་ཁང་དུ་རིན་པོ་ཆེ་ཚང་གི་ཕྱག་དཔེ་ཆ་ཚང་དང་གཟིམ་མ་གཟིམ་ཆོས་ཆ་ཚང་སོགས་ཡོད།  གནས་བསྟན་བཅུ་དྲུག་གི་ལྷ་ཁང་དུ་སྟོན་པ་གཙོ་འཁོར་གསུམ་གཙོ་བྱས་གནས་བསྟན་བཅུ་དྲུག་དང་བཅས་པ། རྡོ་རྗེ་མི་འཁྲུགས་པ། ཇོ་འབྲོམ་ཡབ་སྲས་གསུམ། རྗེ་ཡབ་སྲས་གསུམ། བདེ་མཆོག། མཁའ་སྤྱོད་མ་སོགས་ཀྱི་སྨན་སྐུ་དང་། ཨྱོན་པདྨའི་ལྷ་ཁང་། ཨྱོན་པདྨ། ལྷ་ལྕམ་མ་འདའ་ར་བ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ལི་སྐུ་སོགས་བཞེངས་ཡོད།  དཀར་མོ་དགོན་པའི་གྲྭ་ཚང་གཙོ་བྱས་དོན་གཉེར་ཅན་རྣམས་མཚམས་ལ་བཞུགས་སའི་མཚམས་ཁང་གྱན་བཅུ་ལྷག་བཅས་ཡོད།རྗེ་བཙུན་རྡོ་རྗེ་ཆོས་ཀྱི་སྨན་སྐུ། བཀའ་བསྟན་གཉིས་དང་གསུང་འབུམ་སྣ་ཚོགས་པོད་ལྔ་བརྒྱ་ལྷག་བཞུགས། འོད་དཔག་མེད་དང་སྨན་བླ་སོགས་ཀྱི་གྱན་ཐང་ལྔ་།  འཁོར་ཁང་གྱན་གསུམ། 

ད་ལྟ་གྲྭ་བ་བདུན་ཙམ་བཞུགས་ཤིང་། ལོ་རེ་རེའི་ཟླ་བ་ 12.ཚེས་15་ནས་22བར་ཁོང་རིན་པོ་ཆེ་ཚང་གི་གདུང་མཆོད་དང་འབྲེལ་བའི་མཁའ་སྤྱོད་མའི་སྒྲུབ་མཆོད་སྦྱིན་སྲེག་དང་བཅས་པ་ཉིན་བརྒྱད་རིང་ཡོད།  


 རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།