སོག་རྫོང་ཙན་དན་དགོན།

ཡོང་ཁུངས།   རྩོམ་པ་པོ། བདེ་ཆེན་མཚོ།     སྤེལ་དུས།  2016-03-05 20:04:02     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་དྲ་བ།     ཀློག་ཐེངས།  

                   

294205159911486471.jpg

 བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་རྣམ་གསུམ་ནི་དམར་པོ་རིར་བཞེངས་པའི་ཕོ་བྲང་པོ་ཏ་ལ་དང་། གཞིས་ཀ་རྩེའི་བསམ་གྲུབ་རྩེ་མཁར་རྫོང་། ནག་ཆུ་ས་ཁུལ་གྱི་སོག་རྫོང་ཙན་དན་དགོན་བཅས་ལ་བཤད་པ་ཡིན་ཞིང་། ཕོ་བྲང་འདི་གསུམ་གར་ཐུན་མོང་གི་ཁྱད་ཆོས་མངོན་པ་སྟེ། བཟོ་བཀོད་ལ་བརྗིད་ཉམས་ལྡན་ཞིང་ཕན་ཚུན་གྱི་དབྱིབས་མཚུངས་ལ། ཕོ་བྲང་སོ་སོ་རི་བོ་རྒྱབ་བརྟེན་དུ་བྱས་ནས་བཞེངས་ཡོད་པ་རེད།
     ནག་ཆུ་ས་ཁུལ་གྱི་སོག་རྫོང་དུ་མངའ་བའི་ཙན་དན་དགོན་ནི་ཀུན་གྱིས་བཞེད་ཚུལ་ལྟར་ན་སྤྱི་ལོ1667ལོར་བཞེངས་པ་ཡིན་མོད། ཆོས་སྡེ་འདི་གས་འདོན་སྤྲོད་བྱས་པའི་ཡིག་ཆ་ལྟར་ན་སྤྱི་ལོ1232ལོར་བཞེངས་པ་ཡིན་ཞིང་། ཐོག་མར་རྙིང་མ་པ་དང་། དེའི་རྗེས་བཀའ་བརྒྱུད་པ། ཕྱིས་སུ་དགེ་ལུགས་པ་བཅས་གྲུབ་མཐའ་དུ་མར་བསྒྱུར་བཅོས་བྱས་མྱོང་བ་རེད། 

ཕྱི་ལོ་1668ལོར་གོང་ས་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་ནས་སོག་དགེ་ལྡན་འཕེལ་རྒྱས་གླིང་ཞེས་མཚན་གསོལ། དེ་མོ་ངག་དབང་བདེ་ལེགས་རྒྱལ་མཚན། རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་དགེ་ལྡན་བསྟན་འཛིན་གསེར་རིའི་ཕྲེང་བ་དུ་མ་ཞབས་ཀྱིས་བཅགས། སོག་ཞབས་དྲུང་། ངག་སྤྲུལ། བཀའ་ཆེན། བཀའ་འགྱུར། གྲུབ་དབང་སོགས་བླ་བྲང་ཁག་ལྔ་ཡོད། མཁན་པོ་གྲགས་ཅན་རྩེས་དང་པ་བདུད་འཇོམས་དང་སེར་སྨད་ལྷ་བཙུན་སྐུ་ཕྲེང་གཉིས་པ་སྐལ་བཟང་རབ་རྒྱས་སོགས་འབྱོན་མྱོང་། མི་སྣ་གྲགས་ཅན་ལ་ལྷ་གདུང་སྐལ་བཟང་དབང་ལྡན། བཀའ་ཆེན་བློ་བཟང་བསམ་གཏན། བཀའ་འགྱུར་བླ་མ་འཇམ་དབྱངས་ཚུལ་ཁྲིམས། དར་མ་ཆོས་མཛད་བསྟན་པ་ཆོས་འཕེལ་སོགས་ཡོད།

ཕོ་བྲང་འདི་གླང་བོ་ཆེ་གན་རྐྱལ་དུ་ཉལ་བ་ལྟ་བུའི་རིའི་སྟེང་དུ་བཞེངས་ཡོད་ལ། མཐའ་འཁོར་དུ་པདྨ་འདབ་བརྒྱད་དང་འདྲ་བའི་ས་འཛིན་དབང་བོའི་མུ་ཁྱུད་དང་ཡན་ལག་བརྒྱད་ལྡན་གྱི་སོག་ཆུས་བསྐོར་འདུག ཙན་དན་དགོན་ལ་ཕོ་བྲང་པོ་ཏ་ལ་དང་མཚུངས་བར་ཕོ་བྲང་དཀར་པོ་དང་། ཕོ་བྲང་དམར་པོ། གྲྭ་ཤག་བཅས་ཁང་བརྩེགས་རིམ་པ་བདུན་གྱིས་གྲུབ་ཡོད་པས་ཕོ་བྲང་པོ་ཏ་ལ་ཆུང་བ་ཞེས་ཀྱང་འབོད་ཀྱིན་ཡོད། 

དུས་འགྱུར་ཡར་སྔོན་ལ་དགེ་འདུན་པ་600ཡས་མན་ཡོད་པར་གྲགས། ཕྱི་ལོ་1985ལོར་བཀའ་འགྱུར་ངག་དབང་འཇིགས་སྒྲོལ་གྱིས་ཉམས་གསོ་གནང་།

ཕྱི་ལོ་2015ལོར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་གཏོན་ནས་རིག་དངོས་བསྐྱར་གསོ་གནང་། དགོན་པ་ཉམས་གསོ་བྱས་ཚུན་གྱི་དབུ་ཁྲིད་ལ། བཀའ་འགྱུར་ངག་དབང་འཇིགས་སྒྲོལ། གྲུབ་དབང་ཡེ་ཤེས་བསླབ་གསུམ། བན་ཚ་བསྟན་པ་དགེ་ལེགས་བཅས་ཡིན། ད་ལྟ་དགེ་འདུན་པ་100ལྷག་བཞུགས། སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་། ངག་སྤྲུལ་རིན་པོ་ཆེས་གདན་ས་སྐྱོང་བཞིན་བཞུགས།

2001ལོར་རྫོང་རིམ་པས་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་བདམས་པ་དང་། 1996ལོའི་རྗེས་སུ་ལོ་རེ་རེ་བཞིན་ཞིག་གསོ་དང་བསྐྱར་འཛུགས་བྱས་པར་བརྒྱུད་སྔར་ལས་རྒྱ་བསྐྱེད་པ་རེད། 

        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།