ལྕགས་རི་འགྲོ་ཕན་གླིང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-17 08:11:26     རྩོམ་པ་པོ།   སྡེ་སྣོད་འཛིན་པ་ཡྰི་ཅེན་གྱིས་བ    ཀློག་ཐེངས།  

      ༄༅།། ལྕགས་རི་འགྲོ་ཕན་གླིང་ནི་ལྷ་ས་གྲོང་ཁྱེར་ན་ཡོད།

      དུས་རབས་བཅོ་ལྔ་བར་བོད་ཀྱི་གསོ་རིག་གི་མཁས་གྲུབ་ཐང་སྟོང་རྒྱལ་བོས་གངས་ཅན་ཡུལ་དབུས་ཀྱི་ལྷ་ལྡན་ཞིང་གི་གསང་བདག་བླ་རི་ལྕགས་པོ་རིར་བཞེངས་བའི་གྲུབ་ཐོབ་ལྷ་ཁང་གཞི་བྱས་ཏེ་བཞེངས།

       སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྕགས་པོ་རི་འདི་ཉིད་རྩ་རྒྱུད་དུ་བསྟན་པའི་གནས་ཕུན་སུམ་ཚོགས་པ་ལྟ་བུའི་གཟིགས་སྣང་བྱུང་བ་དང་ལྷག་པར་ལྔ་བ་ཆེན་པོའི་དགོངས་རྫོགས་སུ་དམིགས་ཏེ་རབ་བྱུང་བཅུ་གཉིས་བའི་མེ་བྱ་དང་ཡེ་ལོ་ལྟར་ན་1696ལོར་ཕྱག་བཏབ།

        གཞུང་ཕྱོགས་ནས་བདག་སྐྱོང་བྱས་བའི་བོད་ཀྱི་གསོ་རིག་གི་བསྟན་པ་འཛིན་པའི་སྨན་པ་ཚད་ལྡན་གྱི་སྡེ་ཁག་གཞི་རྒྱ་ཆེ་ལ་སྒྲིག་གཞི་ཚང་ལ།དུས་ཡུན་ཡང་རིང་བོར་གནས་བའི་བོད་ཀྱི་གསོ་རིག་བསླབ་གྲྭ་ཆེན་མོ་ཞིག་ཡིན།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།