ལེགས་བཤད་སྙིང་པོའི་མཆན་སྦྱོར་མ་བུ་སྐྱིད་ངོ་སྤྲོད་པའི་ཕོ་ཉ་ ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-06 20:34:12     རྩོམ་པ་པོ།   ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

ནམ་མཁའི་བློ་ཡིས་རྣམ་པའི་མཆོག་གཟིགས་བློ་བཟང་རྒྱལ་བ་བློ་ལས་འདས།།དེ་ཡི་དགོངས་པའི་དེ་ཉིད་སྨྲ་ལ་དེ་དང་མཚུངས་པའི་ཀུན་མཁྱེན་རྗེ།།བསྟན་འཛིན་གཙུག་རྒྱན་བསྟན་ལ་དབང་བསྒྱུར་བསྟན་པའི་སྒྲོན་མེ་སྣང་རབ་ཅན།།བདེ་ཆེན་འཁོར་ལོར་བདེ་བར་བསྙེན་ཏེ་བདེ་ཞིང་བསྡུས་པའི་མན་ངག་སྤེལ།།དེ་ལ་འདིར་ལེགས་བཤད་སྙིང་པོ་དང་མཆན་འགྲེལ་སྒྲིག་པའི་ལམ་རྣམ་པར་དབྱེ་བར་བྱ་སྟེ།འདི་ལྟར།ཐོག་མར།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་ལ་༼ཀ༽སྡེ་སྣོད་གསུམ་འདོམས་པར་མཛད་དོ།།ཞེས་པ་འདི་སྦྱོར་ཞིང་།དེ་བཞིན་དུ།བདེ་འབྱུང་སྤྲིན་྾ཕྱག་འཚལ་ལོ།ལ༼ཁ༽འདི་དག་གི་དོན་xབཏགས་སོ།།མཁྱེན་བརྩེའི་xཕྱག་འཚལ་ལོ།།ལ་༼ག༽རྒྱ་མཚོ་྾བྱས་པའོ།།བདེར་གཤེགས་྾འཛུད་པར་མཛད་ལ་༼ང༽གཞུང་ལུགས་༝པར་བྱའོ།།ཅེས་ཆོས་༝སྟོན་པས་ལ་༼༈༽རེ་ཞིག་྾སོགས།ཐབས་ཀྱི་ཚུལ་དང་ལ་༼༈༽རྟེན་འབྱུང་སོགས།རིགས་པའི་སྒོ་དུ་མ་ཞིག་གིས་༝དེ་ཡང་ལ་༼ཅ༽རྒྱུད་བླ་྾སྒོ་ནས།རྒྱལ་བའི་གསུང་རབ་xཕྱིར་རོ་ལ།༼ཆ༽དེ་ལྟར་ཚད་྾ནུས་པས།དེའི་ཕྱིར་གསུང་རབ་྾ཚོལ་དགོས་པས་ལ་༼ཇ༽དོན་བསྡུ་ན།྾སྟོན་པར།མཐར་གཏུགས་ན་྾གསུངས་སོ་ལ་༼ཉ༽བསྲེགས་བཅད་྾བསྒྲུབས་པའི་ཕྱིར།དེ་ལྟར་ན་྾ཕྱོགས་སོ་ལ་༼ཏ༽རྟོག་གེ་འབར་྾གྲགས་པའི་ཕྱིར།དང་པོ་ལ་གཉིས་྾བཀའ་སྩལ་ལ་ལ་༼ཐ༽འདི་དག་ལས་྾མི་འགྱུར་རོ།།བཅོམ་ལྡན་འདས་༝དོན་གྱིས་ཞུས་སོ་ལ་༼ད༽འདིར་འབར་བའི་྾མི་མཚུངས་སོ།།འདིར་རང་གི་མཚན་ཉིད་྾བཤད་པ་ལ་༼ན༽དེ་ཉིད་ལས་྾འབྱུང་བ།ནི།རིགས་པ་྾དུ་མ་ལ་ལ་༼པ༽རྒྱ་ནག་྾བཤད་པ་སོགས།འགྲེལ་བ་རྣམས་྾བའི་མདོ་ལ་༼ཕ༽ལས་྾ཞེས་པ།དང་སྦྱར་ན་྾བྱའོ་ལ་༼བ༽འོན་ཀྱང་྾དགོངས་སམ་སྙམ།མི་བསྐྱུད་྾གསུངས་སོ་ལ་༼མ༽འདིར་ཆོས།྾འགྱུར་རོ།།བསྡུ་བ་ལས་༝རྣམ་གསུམ་ལ་ལ་༼ཙ༽ཞེས་སྔ་྾མཐུན་པའི་ཕྱིར།དགོངས་ནས་྾གསུངས་པས་ལ་༼༈༽ཀུན་྾སོགས།གང་དག་྾ཐམས་ཅད་ལ་༼༈༽རང་བཞིན་མེད་པ།ལ་དགོངས་྾དམ་པ་ལ་༼༈༽རང་བཞིན་མེད་པ།ལ་དགོངས་྾སུ་ཞིག་སྨྲ་ལ་༼ཚ༽འདི་སྨྲ་༝མ་ཡིན་ནོ།།གཉིས་པ་ནི་྾གསུངས་ཏེ་ལ་༼ཛ༽འདིའི་྾གསུངས་སོ།།ཚིག་དང་པོ་྾ཡོད་དོ་ལ་༼ཝ༽འདི་ལ་྾ཐལ་ལོ།།ངོ་བོ་ཉིད་྾གསུངས་པ་ལྟར་རོ་ལ་༼ཞ༽ཆོས་རང་྾བརྟག་པར་བྱ།གཞན་དབང་།྾མ་བཞག་གོ་ལ་༼ཟ༽འདིར་གཞན་྾ཡིན་པའི་ཕྱིར།ཇི་ལྟར་ཞེ་ན་྾གསུངས་སོ་ལ་༼འ༽ཁ་ཅིག་྾ཡོད་པའི་ཕྱིར།ཆོས་རྣམས་྾འགལ་བའོ་ལ་༼ཡ༽འདིས་྾དགོངས་སོ།།ཡོངས་གྲུབ་྾ལུགས་སོ་ལ་༼ར༽ངོ་བོ་྾གསུངས།གསུམ་པ་ནི་྾འགྱུར་བའི་ཕྱིར་རོ་ལ་༼ལ༽དེ་ཡང་྾བཤད་པའི་ཕྱིར།དེ་ལྟར་ཡང་྾སྟོན་ནོ་ལ་༼ཤ༽དེ་ཡང་྾སླའོ།།རང་གི་མཚན་྾གསུངས་ཏེ་ལ་༼ས༽དགོངས་འགྲེལ་྾དོན་ནོ།དེ་ཡང་དང་྾གསུངས་སོ་ལ་༼ཧ༽ཁ་ཅིག་྾ཕྱིར།ཀུན་བཏགས་྾ཡིན་པའི་ཕྱིར་རོ་ལ་༼ཨ༽ཁ་ཅིག་྾བྱས་སོ།།གཉིས་པ་ཡང་༝གསུངས་སོ་ལ་༼ཀི༽འདི་ལ་ཁ་ཅིག་྾ཟད་དོ།རྟག་པ་རྟག་པའི་྾བཤད་དོ་ལ་༼ཁི༽འདི་ལ་྾ཡིན་པའི་ཕྱིར།གསུམ་པ་ནི་྾གསུངས་སོ་ལ་༼གི༽དེ་ལ་྾ཕྱིར་རོ།།དེ་ལ་྾བསྟན་ཏོ་ལ་༼ངི༽སྐབས་འདིར་྾འཆད་དོ།ཡོངས་གྲུབ་྾གསུངས་སོ་ལ་༼ཅི༽འདི་ལ་྾ཡིན་པའི་ཕྱིར།གང་གིས་྾གསུངས་སོ་ལ༼ཆི༽འདིར་མཚན་ཉིད་྾ཡིན་པའི་ཕྱིར།སྡུག་བདེན་྾གསོལ་བའོ་ལ་༼ཇི༽འདིའི་ཚིག་྾ཡོད་པའི་ཕྱིར།བཞི་བ་ལ་྾ལགས་ལ་ལ་༼ཉི༽འདིར་ཤུགས་྾དཀྱུས་ན་གསལ།བཅོམ་ལྡན་྾ལགས་ཀྱི་ལ་༼ཏི༽གཉིས་པ་དང་྾མ་ཁྱབ།བཅོམ་ལྡན་྾གསུངས་སོ་ལ་༼ཐི༽འདིར་ཐེག་པ་྾ལས་སོ།།གཉིས་པ་ལ་྾བཤད་དོ་ལ་༼དི༽ཝེན་ཚེག་྾བྱའམ་དཔྱད།མདོའི་དོན་྾བཤད་པ་ལ་༼ནི༽སློབ་དཔོན་྾སྣང་ངོ་།།བཀོད་མོད་༝འདྲའོ་ལ་༼པི༽སྐབས་མེད་པའི་྾མ་སྤྲོས་སོ།།མདོ་སྡེ་྾མིན་ནོ་ལ་༼ཕི༽འདི་ལ་྾གསུངས་སོ།།གཉིས་པ་ནི་྾བཞིན་ནོ་ལ༼བི༽འདི་དག་྾མི་བཞེད་པའི་ཕྱིར།དེ་བཞིན་྾མི་དགོས་སོ་ལ་༼མི༽ཞེས་བར་྾གསུངས་པའི་ཕྱིར།འཁོར་ལོ་གསུམ་པ་྾སྣང་ངོ་ལ་༼ཙི༽དེ་ལ་྾དགོས་སོ།།གཉིས་པ་྾སྣང་ངོ་ལ་༼ཚི༽འདིར་དོན་དམ་྾གཙོ་བའི་ཕྱིར།གཉིས་པ་྾བྱའོ་ལ་༼ཛི༽དེ་ལ་྾གསུངས་པའི་ཕྱིར།ཞེས་པ་སྔ་མས་྾ཕྱིར་རོ་ལ་༼ཝི༽འདིར་ཐམས་ཅད་྾ཕྱིར་རོ།དོན་དམ་པར་྾ཕྱོགས་སོ་ལ༼ཞི༽འདི་ལ་྾གལ་ཆེའོ།དགོངས་འགྲེལ་ལས་྾ལྟར་རོ་ལ་༼ཟི༽བྱང་སའི་྾བྱའོ།།གཉིས་པ་ནི་྾བཀག་གོ་ལ་༼འི༽འདི་ནི་྾གསུངས་པའི་ཕྱིར།དེ་ལ་྾བསམས་སོ་ལ་༼ཡི༽འདི་དག་྾བྲིས་པའོ།།དེས་ན་྾མི་ནུས་ལ་ལ་༼རི༽འདིར་གཞན་དབང་྾མ་སྤྲོས་སོ།།དེ་འདྲ་྾མེད་པས་ལ་༼༡༽ཐལ་འགྱུར་བ་ཁྱེད་ཅགཆོས་ཐམས་ཅད་྾ཡིན་པ་དང་ལ་༼༢༽བཏགས་ཙམ་྾སྟོང་བ།དེ་ཉིད་྾མི་སྲིད་པས་ལ་༼༣༽ཐ་སྙད་྾མེད་པས།ཆད་ལྟའི་྾གསུངས་སོ།ལ་༼ལི༽འདིར་གང་ཟག་྾གསུངས་སོ།།དེ་ལྟར་྾ཞེས་སོ་ལ་༼ཤི༽དེ་ལྟར་྾ཆོག་པའི་ཕྱིར།གཉིས་པ་྾དག་ལ་ལ་༼སི༽གནས་ཚུལ་྾འཇུག་པས།ཀུན་རྫོབ་ཏུ་བྱེད་པ་དང་ལ་༼ཧི༽དེ་ལ་྾རིམ་བཞིན།འདོགས་པ་྾མཛད་པའོ་ལ་༼ཨི༽འདིར་བྱང་སའི་྾འདི་ཉིད་ན་གསལ།དེ་ལ་འདིར་྾ཡིན་པས་ལ་༼ཀུ༽དེར་གྲུབ་པོ་྾བདེན་འཛིན།དེའི་ཞེན་ཡུལ་྾ཡིན་པར་འདོད་ལ་༼ཁུ༽འདིར་མངོན་པར་x དཔྱད་པར་བྱའོ།།གལ་ཏེ་྾ཕྱིར་ན་གང་ལ༼༈༽རང་མཚན་གྱིས་གྲུབ་པར།དམིགས་པ་ལ་༼༈༽དེས་བཟུང་བའི་དོན།དེ་མེད་྾གལ་ཏེ་ལ་༼༈༽དབུ་མ་བ།དེ་འདི་སྐད་ཅེས་ལ་༼༈༽རང་མཚན་྾མི་མཐུན་པས།ཕྱིན་ཅི་ལོག་གི་དངོས་པོ་྾བྱར་མི་རུང་ངོ་ལ་༼གུ༽འདི་ནི་རྩ་ཤེལ་྾ཞེས་གསུངས་སོ།།གལ་ཏེ་མེད་ན་྾དམ་དུ་མི་རུང་ལ་ལ་༼༈༽བློ་རང་ཉིད།མེད་ན་ནི་ལ་༼༈༽བློ྾ལ།འཁྲུལ་྾དམིགས་ཀྱང་ལ༼༈༽དེ་དོན་ལ།མེད་དོ་༝འཐད་དོ་ལ་༼༈༽ཡོངས་གྲུབ།འདིར་ཡང་དོན་དམ་྾རྩོད་པ་ཡིན་ནོ།།ལ།༼ངུ༽ཀུན་བརྟགས་྾སྣང་ངོ་།།གཞན་ཡང་བསྡུ་བ་྾བརྗོད་པར་བྱའོ་ཞེས་དང་ལ་༼ཅུ༽དེ་ལ་མངོན་྾འགྱུར་རོ།།དེ་ལ་མངོན་པར་༝ཞེས་གསུངས་སོ་ལ་༼ཆུ༽ལུང་ཕྱི་མ་྾འགྱུར་རོ།།དེས་ན་བདག་྾ཡང་མི་སྣང་ངོ་ལ་༼ཇུ༽འདི་དང་྾སྣང་ངོ་།།ཕྱིས་ཀྱི་ཁ་྾གྱིས་ཤིག་ལ་༼ཉུ༽འདིར་ཡང་྾འགྱུར་རོ།།གཉིས་པ་ནི་ལ་༼༈༽དོན་དམ་྾སྐད་ཅེས།གལ་ཏེ་བྱང་ས་༝དགོངས་འགྲེལ་ལ་༼༈༽རབ་འབྱོར་གྱི་ལེའུ།ལས།ཇི་ལྟར་྾གསུངས་པ་དང་ལ་༼ཏུ༽དགོངས་྾བྲིས་སོ།།མདོ་སྡེ་རྒྱན་྾བརྗོད་པར་བྱའོ་ལ་༼ཐུ༽དེ་ལ་མདོ་྾མེད་དོ།།ཞེས་གསུངས་སོ་྾དོན་དམ་པར་ཡོད་ལ་ལ་༼༈༽དེའི་྾པའི།ཐ་སྙད་དུ་མེད་པས་྾གསུངས་སོ་ལ་༼དུ༽ལུང་འདིའི་྾བཤད་ཟིན་ཏོ།།རྫས་བཏགས་ཀྱང་྾དཔེར་མཛད་དོ་ལ་༼ནུ༽ནམ་མཁའ་྾གང་ཡིན་དཔྱད།ཆོས་གཞན་བཟུང་བ་྾འགལ་ལོ་ལ་༼པུ༽དེ་ལ་྾ཞེས་པ་དཔྱད།འཇོག་ཚུལ་གཉིས་པ་྾དགོངས་སོ་ལ༼ཕུ༽འདི་དག་྾རུང་ངམ་སྙམ།དབུ་མ་བའི་྾མཐུན་ནོ།ལ་༼བུ༽ཀུན་བཏུས་྾འཆད་པར།གཉིས་པ་ནི་྾ཞེས་གསུངས་སོ་ལ་༼མུ༽ཞར་བྱུང་྾གཞན་ཡང་།བསྡུ་བ་ལས་྾གསུངས་སོ་ལ་༼ཙུ༽བསྡུ་བའི་྾སྟོན་པར།ཐ་སྙད་འདོགས་པའི་xསྟོང་པ་ཉིད་ལས་ལ་༼༈༽སྟེ་དབུ་མ་྾དྲངས་སོ།།ལས་དང་རྣམ་སྨིན་྾དོན་ནོ་༼ཚུ༽དེ་དག་྾ཡིན་ནོ།།དོན་དམ་དེར་྾ཕྱིར་རོ་ཞེས་དང་ལ༼ཛུ༽སེམས་ཙམ་྾འདི་སྐད་དུ།ཐེག་ཆེན་པ་྾དེ་བཞིན་བརྗོད་པ་ལ་༼༈༽ཕྲ་བའི་྾དྲངས་ཏེ།རགས་པ་ཡིན་྾ཙམ་དུ་ཟད་དོ་ལ་༼ཝུ༽དེ་ཡང་྾མང་དུ་གསུངས།གསུམ་པ་ལ་གཉིས་༝ཚུལ་ལོ་ལ་༼༈༽ཕྱོགས་གླང་།྾བསྣན།དང་པོ་ནི།རྒྱན་ལས་྾བཤད་དོ་ལ་༼ཞུ༽མདོ་སྡེ་རྒྱན་྾འདུག་གོ།ཆོས་རྣམས་རྐྱེན་ལ་྾ཞེན་པའོ་ལ་༼ཟུ༽དེ་ལྟར་྾ཡོང་ངོ་།།ཇི་ལྟར་ངོ་བོ་ཉིད་྾བཤད་དོ་ལ་༼འུ༽འདིར་སྐྱེ་མེད་྾ནམ་དཔྱད།དེ་ལ་ཐོག་མ་ནི་྾ལྟར་རོ་ལ་༼ཡི༽སྟོང་ཐུན་྾མ་སྤྲོས་སོ།།རང་མཚན་ནི་྾འཇུག་པར་འདོད་དོ་ལ་༼རུ༽དེ་ལ་྾གཟབ་བོ།།གལ་ཏེ་དགོངས་འགྲེལ་྾བཤད་དོ་ལ་༼ལུ༽དེ་ལྟར་྾སྟོན་པར།རྒྱན་ལས།ནང་གི་྾མ་གསུངས་སོ་ལ་༼ཤུ༽དེ་ཡང་྾ཤེས་པར་གྱིས།ཐེག་བསྡུས་ལས་ཀྱང་྾དཔེར་བཤད་དོ་ལ་༼སུ༽ཐེག་བསྡུས་྾མེད་དོ།།སྒྱུ་མ་སོགས་྾ལམ་དུ་བསྟན་ཏོ་ལ་༼༈༽མདོ་ལས།དེ་ལ་གང་ན་གང་མེད་པ་྾བསྟན་ཏོ་ལ་༼ཧུ༽འཇུག་པ་྾སོང་སྣང་ངོ་།།གང་ན་ཞེས་པ་ནི་྾གཅོད་དོ་ལ་༼ཨུ༽འདི་ལ་྾གསུངས་སོ།།དབྱིག་གཉེན་གྱིས་༝མ་ཡིན་ནོ་ལ་༼ཀེ༽དེ་ལྟར་྾བཀག་གོ།ཚིག་གསུམ་པས་྾འགྱུར་རོ་ཞེ་ན་ལ་༼ཁེ༽འདིའི་དོགས་྾ཡིན་ནོ།།དེ་ནི།དེ་ལྟར་མ་ཡིན་྾གསུངས་སོ་ལ་༼གེ༽འདིས་ནི་྾ཕྱིར་རོ།།དེའི་ཕྱིར་གཞན་དབང་྾ཕྱིར་རོ་ལ་༼ངེ༽ཞེས་རྐང་པ་྾ཡོད་དོ།།ཆོས་ཐམས་ཅད་྾མཛད་པ་ཡིན་ནོ་ལ་༼ཅེ༽འདིའི་དོན་྾འགྲིག་པའི་ཕྱིར།དེ་ལྟར་ན་དབྱིག་གཉེན་྾བཀྲལ་ལོ་ལ་༼ཆེ༽དེ་ཡང་྾དཔྱད་པར་བྱའོ།།ཆོས་ཀྱི་གྲགས་པས་྾ཞེས་བཤད་དོ་ལ་༼ཇེ༽སྐྱེ་སོགས་྾གསལ་ལོ།།ཡང་རྣམ་འགྲེལ་྾ཐུན་མོང་བའོ་ལ་༼ཉེ༽འདིའི་ཊིག་ཆེན་྾མི་འདྲའོ།།ཞེས་པ་རྣམས་རིམ་པར་སྦྱར་རོ།།དེའང་མཆན་འདིའི་རྩ་བ་འདི་དང་།རྩ་བ་འདིའི་མཆན་འདིའོ་ཞེས་ཐད་ཀ་ཐད་ཀར་བྲང་འཕྲོད་འཕྲུལ་མེད་ལམ་ལམ་འཆར་བ་གནད་དུ་གལ་བས་འབྱོངས་པར་འཚལ་ལ།སྐབས་འགར་ལྟག་འོག་གཉིས་ཀར་སྦྱར་ནའང་རུང་བ་ལྟ་བུ་རེ་ཟུང་འཇུག་པ་ཚིག་གི་བབ་དང་དོན་གྱི་རོ་མངར་ཞིབ་མོར་མྱངས་པས་ལེགས་པར་བྱེད་དགོས་སོ།།སྟོང་ཐུན་མཐའ་དཔྱོད་དཀའ་འགྲེལ་སོགས་ཀྱང་འདིའི་ཐོག་ཏུ་གཅུན་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་དེ་དཔག་པར་དཀའ་བའི་སྣང་བ་སྙིང་ལ་བསྐྱེད་པར་བྱའོ།།།།སྨྲས་པ།ལེགས་པར་བཤད་པའི་སྙིང་པོའི་བཤད་ལུང་བཤད་པ་གཙང་མའི་རྣམ་འགྱུར་བརྒྱས།།ཤེས་རབ་རྒྱ་མཚོར་མཆོག་གི་རྒྱ་མཚོ་བློ་གྲོས་རྒྱ་མཚོ་ནས་འོངས་པ།།དད་བརྩོན་འཛིན་མར་དད་གསུམ་ངོ་བོར་ཐ་མི་དད་དུ་བསྐྱིལ་བ་ལས།།མཆན་སྦྱོར་འདི་ཡང་མཆན་གཞིའི་ཟབ་དོན་མཆན་གྱིས་ལྷག་པར་གསལ་ཕྱིར་སྤྲོས།།ཞེས་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་པོའི་མཆན་སྦྱོར་མ་བུ་སྐྱིད་ངོ་སྤྲོད་པའི་ཕོ་ཉ་ཞེས་བྱ་བ་འདི་ནི།རབ་རྒྱལ་ལྕགས་རྟ་ས་ག་ཟླ་བའི་ནང་སྙིགས་དུས་མཁས་པའི་ཁྱུ་མཆོག་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོའི་བྱིན་མཐུ་ལས་ལེགས་བཤད་སྙིང་པོའི་བཤད་ལུང་ཕུལ་སྐབས་འཆད་པ་པོ་ལུང་རིགས་རབ་འབྱམས་སྨྲ་བའི་བཙུན་པ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་གཟུར་གནས་དད་བརྩོན་རིག་པའི་རྒྱན་ལྡན་རྣམས་ལ་ཕན་དུ་རེ་སྟེ་བཀོད་པ་དགེ་བར་གྱུར་ཅིགའདིར་སྨྲས་པ།བདེན་གཉིས་ལེགས་བཤད་ལེགས་བཤད་སྙིང་པོ་བསྟན་པའི་སྒྲོན་མེས་བཀྲལ་བའི་མཆན།།རྩ་བར་སྦྱོར་ཚུལ་སྦྱོར་ཚུལ་ཚོལ་བའི་བློ་ལྡན་པདྨའི་མིག་ཡངས་ལ།།ཀུན་ནས་གསལ་བྱེད་གསལ་བྱེད་ཕུལ་བྱུང་བསྡུས་པའི་དོན་གྱི་ས་བཅད་བཅས།།དམ་པའི་སྐྱེས་མཆོག་སྐྱེས་མཆོག་དགྱེས་སྐྱེད་གང་དེས་དཔལ་གཞིར་དྲངས་པའི་དགེས།།མཐའ་བྲལ་ལྟ་བ་ཐར་བའི་ཐེམ་སྐས་བློ་བཟང་རྒྱལ་བའི་དགོངས་པ་བཞིན།།འཛིན་མའི་ཁོངས་ན་རྡོ་རྗེ་རལ་གྲི་མེ་མཚོ་གསེར་རིའི་ཚུལ་བཟུང་སྟེ།།ཞི་བསིལ་རྣམ་པར་ཐར་བའི་སྒོ་གསུམ་གཏན་པ་མེད་པར་ཕྱེ་བ་ལས།།མཁའ་ཁྱབ་སྐྱེ་རྒུ་སེངྒའི་ཁྲི་ལ་རྟག་བརྟན་བདེ་པས་མཛེས་གྱུར་ཅིག།ཅེས་པ་འདི་ནི་ཁོ་བོས་སྦྱར་བའི་ལེགས་བཤད་སྙིང་པོའི་ས་བཅད་དང་མཆན་སྦྱོར་གཉིས་སྤར་དུ་བསྐྲུན་པའི་ཚེ་བསོད་ནམས་འདུ་མཛད་པ་པོ་རྩ་བའི་བླ་མ་རྨོག་ལྕོག་རིན་པོ་ཆེ་ཡེ་ཤེས་བྱམས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནས་དགེ་བའི་བསྔོ་བའི་སྨོན་ཚིག་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོར།གཞུང་ལུགས་རབ་འབྱམས་སྨྲ་བའི་བཙུན་པ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་སྤེལ་བ་ཛ་ཡནྟུ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།