འགྲེལ་རྐང་བརྒྱ་རྩ་བརྒྱད་ཀྱི་འདྲེན་ཚུལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:07:34     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འགྲེལ་རྐང་བརྒྱ་རྩ་བརྒྱད་ཀྱི་དབྱེ། །ཀུན་ཉོན་ཕྱོགས་ཀྱི་ལྔ་བཅུ་གསུམ། །རྣམ་བྱང་ལྔ་བཅུ་རྩ་ལྔ་ལ། །དང་པོ་གཟུགས་ཀྱི་ཚོར་བའི། འདུ་ཤེས་ཀྱི། འདུ་བྱེད་ཀྱི། རྣམ་ཤེས་ཀྱི། ཕུང་པོ་ལྔར་འདྲེན། ལྔ་དང་ནི། །མིག་གི། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི། དབང་པོ་དྲུག་དྲུག་ཏུ། དང་ཡུལ་ཀྱང༌ གཟུགས། སྒྲ། དྲི། རོ། རེག་བྱ། ཆོས། དྲུག །དྲུག་ཏུ། མིག་གི། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི། རྣམ་ཤེས་དྲུག་ཏུ། ཚོགས་དྲུག་མིག་གི། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་གྱི། རེག་པ་དྲུག་ཏུ། དྲུག །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི། དྲུག་ཏུ་ཚོར་དྲུག་སའི། ཆུའི། མེའི། རླུང་གི །ནམ་མཁའི། རྣམ་པར་ཤེས་པའི། ཁམས་དྲུག་དྲུག་ཏུ། མ་རིག་པའི། འདུ་བྱེད་ཀྱི། རྣམ་ཤེས་ཀྱི། མིང་གཟུགས་ཀྱི། སྐྱེ་མཆེད་དྲུག་གི །རེག་པའི། ཚོར་བའི། སྲིད་པའི། ལེན་པའི། སྲིད་པའི། སྐྱེ་བའི། རྒ་ཤིའི། རྟེན་འབྲེལ་ནི། ། བཅུ་གཉིས་སུ། བཅུ་གཉིས་ཕྲག་རྣམས་ཀུན་ཉོན་ཕྱོགས། །སྤྱོད་པའི་ལམ་ལ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། སྦྱིན་པ་དང༌། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཕར་ཕྱིན་དྲུག་ཏུ་དྲུག །ལྟ་བའི་ལམ་ལ་ནང༌། ཕྱི། ཕྱི་ནང༌། སྟོང་པ་ཉིད། ཆེན་པོ། དོན་དམ་པ། འདུ་བྱས། འདུ་མ་བྱས། མཐའ་ལས་འདས་པ། ཐོག་མ་དང་ཐ་མ་མེད་པ། དོར་བ་མེད་པ། རང་བཞིན། ཆོས་ཐམས་ཅད། རང་གི་མཚན་ཉིད། མི་དམིགས་པ། ངོ་བོ་ཉིད། དངོས་པོའི། དངོས་པོ་མེད་པའི། ངོ་བོ་ཉིད་སྟོང་པ་ཉིད། སྟོང་པ་ཉིད། །བཅོ་བརྒྱད་སོ་སོར་འདྲེན་པ་དང༌། རྣལ་ལམ་ལུས། ཚོར། སེམས། ཆོས། དྲན་པ་ཉེར་བཞག་བཞི། །གཅིག་ཏུ། མི་དགེ་བའི་ཆོས་མ་སྐྱེས་པ་གཅིག་ཏུ། དད་པའི་སྟོབས། བརྩོན་འགྲུས་ཀྱི། དྲན་པའི། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི། སྟོབས་ལྔ་གཅིག་ཏུ། དྲན་པ་ཡང་དག །ཆོས་རབ་ཏུ་རྣམ་དབྱེད་ཡང་དག །བརྩོན་འགྲུས་ཡང་དག །དགའ་བ་ཡང་དག། །བཏང་སྙོམས་ཡང་དག། །ཤིན་སྦྱངས་ཡང་དག། །ཏིང་ངེ་འཛིན་ཡང་དག། །བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཡན་ལག་བདུན་གཅིག་ཏུ། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག། ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན། འཕགས་ལམ་ཡན་ལག་སྟེ། འཕགས་ལམ་བརྒྱད་གཅིག་ཏུ། སོགས་བྱང་ཕྱོགས་བདུན། །ཞི་གནས་ལམ་ལ་སྡུག་བདེན། ཀུན་འབྱུང་བདེན། འགོག་བདེན། ལམ་བདེན་ཏེ། འཕགས་བདེན་བཞི་གཅིག་ཏུ། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ་སྟེ། བསམ་གཏན་བཞི་དང་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཚད་མེད་དེ། ཚད་མེད་བཞི་གཅིག་ཏུ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩིའི་སྙོམས་འཇུག་དང་བཞི་སྟེ། སྙོམས་འཇུག་བཞི་གཅིག་ཏུ་དང་གཟུགས་ཅན་གཟུགས་ལ་ལྟ་འགོག་པའི་སྙོམས་འཇུག་སྟེ། མཐར་གནས་སྙོམས་འཇུག་གཅིག་ཏུ་དགུུ་སྟེའོ། །ལྷག་ལམ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ། སྟོང་མཚན་སྨོན་མེད་གསུམ་གཅིག་ཏུ། ཡོན་ཏན་ཁྱད་པར་ཅན་ལམ་ལ། །ལྷའི་མིག་གི། ལྷའི་རྣ་བའི། གཞན་སེམས་ཤེས་པའི། སྔོན་གནས་རྗེས་དྲན་གྱི། རྫུ་འཕྲུལ་གྱི། ཟག་ཟད་ཀྱི་མངོན་ཤེས་ཏེ་མངོན་ཤེས་གཅིག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ནམ་མཁའ་མཛོད་ཀྱི། དྲི་མ་མེད་པའི། སེང་གེ་རྣམ་པར་བསྒྱིངས་པའི། ཏིང་འཛིན་གཅིག་ཏུ་བཟོད་པའི། གསང་སྔགས་ཀྱི། ཚིག་གི། དོན་གྱི་གཟུངས་ཏེ། གཟུངས་ཀྱི་སྒོ་གཅིག་ཏུ། །འབྲས་ལམ་གནས་དང་གནས་མ་ཡིན་པ་མཁྱེན་པའི། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི། མོས་པ་སྣ་ཚོགས་མཁྱེན་པའི། ཁམས་སྣ་ཚོགས་མཁྱེན་པའམ་འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི། མངོན་མཐོ་ངེས་ལེགས་སུ་འགྲོ་བའི་ལམ་མཁྱེན་པའམ་དེ་ལས་ཟློག་པ་ལ་ཆགས་ཐོགས་མེད་པར་མཁྱེན་པའི། ཉོན་མོངས་པ་དང་་“ང་རྣམ་པར་བྱང་བ་ལས་ངེས་པར་འབྱུང་བ་ལ་ཆགས་ཐོགས་མེད་པར་མཁྱེན་པའི། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི། སེམས་ཅན་གྱི་ཚེ་རབས་སྔ་མ་དང་མ་འོངས་པའི་སྐྱེ་གནས་དང་འཆི་འཕོ་བ་མཁྱེན་པའི། ཉན་རང་རྣམས་ཀྱི་ཉོན་སྒྲིབ་དང་སངས་རྒྱས་ཀྱི་དྲི་མ་མཐའ་དག་ཟད་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། སྟོབས་བཅུ་གཅིག་ཏུ། རང་དོན་སྤང་བ་དམ་བཅའ་བ་ལ་མི་འཇིགས་པ། རྟོག་པ་དམ་བཅའ་བ་ལ་མི་འཇིགས་པ། གཞན་དོན་སྤང་བྱ་དམ་བཅའ་བ་ལ་མི་འཇིགས་པ། གཉེན་པོར་དམ་བཅའ་བ་ལ་མི་འཇིགས་པ་སྟེ། མི་འཇིགས་བཞི་གཅིག་ཏུ། །ཆོས་སོ་སོར་ཡང་དག་པར་རིག་པ། དོན་སོ་སོར་ཡང་དག་པར་རིག་པ། ངེས་ཚིག་སོ་སོར་ཡང་དག་པར་རིག་པ། སྤོབས་པ་སོ་སོར་ཡང་དག་པར་རིག་པ་སྟེ། ཡང་དག་རིག་བཞི་གཅིག་ཏུ་བྱམས་པ་གཅིག་ཏུ་དང༌། །སྙིང་རྗེ་གཅིག་ཏུ་སངས་རྒྱས་མ་འདྲེས་ཆོས་གཅིག་ཏུ། །སྐུའི་སྤྱོད་པ་འཁྲུལ་བ་མི་མངའ་བ། གསུངས་ལ་ཅ་ཅོ་མི་མངའ་བ། ཐུགས་ལ་མཉམ་པར་མ་བཞག་པ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཐ་དད་ཉིད་ཀྱི་འདུ་ཤེས་མི་མངའ་བ། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག །འདུན་པ་ཉམས་པ་མི་མངའ་བ། བརྩོན་འགྲུས་ཉམས་པ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཏིང་ངེ་འཛིན་ཉམས་པ་མི་མངའ་བ། ཤེས་རབ་ཉམས་པ་མི་མངའ་བ། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་སྟེ་རྟོག་པ་མ་འདྲེས་པ་དྲུག། སྐུའི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། གསུང་གི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ་འཕྲིན་ལས་མ་འདྲེས་པ་གསུམ། འདས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། མ་འོངས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། ད་ལྟ་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མ་འདྲེས་པ་གསུམ་དང་བཅོ་བརྒྱད་པོ་གཅིག་ཏུ་འདྲེན་པའོ།། གང་ལམ་རྒྱུན་ཞུགས་གཅིག་ཏུ་ལན་གཅིག་འོང་། །གཅིག་ཏུ་མི་འོང་གཅིག་ཏུ་དགྲ་བཅོམ་གཅིག་ཏུ་རང་སངས་རྒྱས། །གཅིག་ཏུ་ཐམས་ཅད་ཤེས་དང་གཅིག་ཏུ་ལམ་ཤེས་ཉིད། །གཅིག་ཏུ། རྣམ་པ་ཐམས་ཅད་མཁྱེན་པ་གཅིག་སྟེ། །དེ་དག་འགྲེལ་རྐང་འདྲེན་ཚུལ་ལགས། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།