ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-28 20:56:40     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

དཔལ་བཀྲ་ཤིས་རིན་པོ་ཆེ་མྱུར་དུ་བདེ་བ་ཆེན་པོ་དང་ལྡན་པར་མཛད་པ་དོན་ཐམས་ཅད་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།།དང་པོ་སྔོན་འགྲོ་དག་ལ་བསླབ། ། དངོས་གཞི་གཏོང་ལེན་སྤེལ་མར་སྦྱངས། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། ། རྗེས་ཀྱི་མན་ངག་མདོར་བསྡུས་པའོ།།ལེན་པའི་གོ་རིམ་རང་ནས་བརྩམས།དེ་གཉིས་རླུང་ལ་བསྐྱོན་པར་བྱ།མན་ངག་སྙིང་བོ་མདོར་བསྡུས་པ། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས།འཕྲལ་ལ་གང་ཐུབ་བསྒོམ་དུ་སྦྱར།།གཉིས་པོ་ཚང་ན་ཐམས་ཅད་བླངས།།བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ།། ལེ་ལན་ཐམས་ཅད་གཅིག་ལ་གདའ།། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །དཀའ་བ་གསུམ་ལ་བསླབ་པར་བྱ།།ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཉམས་པ་མེད་པ་རྣམ་གསུམ་བསྒོམ།།སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག།རྒྱུ་ཡི་གཙོ་བོ་རྣམ་གསུམ་བླངས།སྟོབས་ལྔ་དག་ལ་སྦྱང་བར་བྱ། །ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དབང་པོ་གཉིས་ཀྱིས་གཙོ་བོར་བཟུང་།།ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། ཡེངས་ཀྱང་ཐུབ་ན་འབྱོངས་པ་ ཡིན། །ཤགས་ངན་མ་བགོད། ཡུས་མ་བསྒོམ། ཀོ་ལོང་མ་སྡམ།།འོར་ཆེ་མ་འདོད། །ཡུལ་ཙམ་པ་མི་བྱ། འཕྲང་མ་དགུག །མཛོ་ཁལ་གླང་ལ་མ་འབྱོ། འགྱོགས་ཀྱི་རྩེ་མ་གཏོད། གཞུང་བཟང་པོ་མ་བསྟེན།གོ་ལོག་མི་བྱ། རེས་འཇོག་མི་བྱ། ལྟོ་ལོག་མི་བྱ། རྟོག་དཔྱོད་གཉིས་ཀྱིས་མཐར་བྱ། དལ་ཆོད་དུ་བྱ། འབྲལ་མེད་གསུམ་དང་ལྡན་པར་བྱ།། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་ན་དེ་ཉིད་གཉེན་པོར་བསྒོམ།།གཉིས་པོ་གང་བྱུང་བཟོད་པར་བྱ། ། ཡན་ལག་ཉམས་པ་བརྗོད་མི་བྱ།། གཞན་ཕྱོགས་གང་ཡང་མི་བསམ་མོ། །ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། རྐྱེན་གཞན་དག་ལ་ལྟོས་མི་བྱ། གཙོ་བོ་ངོས་བཟུང་། འབྲས་བུ་རེ་བ་ཐམས་ཅད་སྤངས། དུག་ཅན་གྱི་ཟས་སྤང་། གནད་ནས་མི་བསྐུལ། སྙིགས་མ་ལྔ་བོ་བདོ་བ་འདི།། བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །བརྟན་པ་ཐོབ་ནས་གསང་བ་བསྟན། །མན་ངག་སྙིང་པོ་གདམས་པ་འདི། །དམ་པ་དག ལས་བརྒྱུད་པ་ཡིན།།རྩ་བའི་ཚིག་གོ། །ཇོ་བོས་མཛད་པ་ཡིན་ནོ།། །། ཤུ་བྷ།།

             རྩོམ་སྒྲིག་པ། སྟོབས་རྒྱས།

            གསལ་འདེབས།

           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་ལ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་བོར་དགོད་པར་ཞུ། རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐག http://www.tb1025.cn 


བརྒྱུད་འགོད།