དབྱར་ཁས་ལེན་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-09 21:34:06         ཀློག་ཐེངས།  

     ༄༅། །དབྱར་ཁས་བླང་བ་དངོས་གཞི་ནི། བཅུ་དྲུག་གི་ནང་བར་གནས་སྟེང་གཡོགས་པའི་ནང་དུ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ལ་སོགས་པ་ཆོས་དགུ་ལྡན་གྱི་མདུན་དུ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་བ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དབྱར་ཁས་ལེན་གྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས། ཚུལ་དང་མཐུན་པར་ཙོག་ཙོག་པུར་འདུག་ཅིང༌། ཐལ་མོ་སྦྱར་ཏེ། གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ། དབྱར་གྱི་བསྟན་པའི་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང༌། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང༌། སྤྱོད་ཡུལ་གྱི་གྲོང་ཤར་ཀེའུ་ལུང། ལྷོ་ཆུ་མགོ་ཁྲ་ལྡང༌། ནུབ་བཀྲ་ཤིས་ལྷ་ཁང༌། བྱང་ཐར་བ་རྩེའི་ཚུན་ཆད་དུ་ཞེས་བགྱི་བ་དང༌། བྲོ་གཡོག་པ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བརྟེན་ནས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་ བྱའོ། །དབྱར་ཕྱི་མ་ལ་ནི། དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བཏོན་པ་མ་གཏོགས་འདྲའོ། །སྦྱིན་བདག་ཡོད་ན་མིང་བརྗོད་དགོས་ཤིང༌། མེད་ན་དཀྱུས་ལྟར་རོ། །

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།