དགེ་ཚུལ་གྱི་གསོ་སྦྱོང་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-09 21:07:20         ཀློག་ཐེངས།  

      ༄༅།།དགེ་ཚུལ་གྱི་གསོ་སྦྱོང་བྱ་བ་ནི། དགེ་སློང་འོས་པ་ལ་ཕྱག་གསུམ་འཚལ་ནས་འགྲེང་སྟེ་འདུད་པ་དང་བཅས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པར་ཞུ། དེ་ནས་ཙོག་བུར་འདུག་སྟེ། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་བ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་བ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་ཡོངས་སུ་དག་པར་གནས་བརྟན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ། ཐབས་ལེགས་བྱ། དེ་ནས་ཕྱག་གསུམ་བྱས་ནས་འགྲེང་སྟེ་འདུད་པ་དང་ཐལ་མོ་སྦྱར་ཏེ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་དགེ་ཚུལ་གསུམ་མན་ཆད་ཀྱིས་གསོ་སྦྱོང་བླང་ངོ༌། །

 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།