བསམ་གཟུགས་ལེགས་བཤད་བུམ་བཟང་གི་མགོའི་སྔགས་སྒྲུབ་ཚུལ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-13 11:07:32     རྩོམ་པ་པོ།   རྡོ་རམས་པ་ལམ་དར་རྒྱས་རྒྱ་མཚོ    ཀློག་ཐེངས།  

微信图片_20200707190719.jpg


                          བླ་མ་དང་ཐུབ་པའི་དབང་བོ་ལ་ཕྱག་འཚལ་ལོ། །འདིར་རིགས་པ་སྨྲ་བ་དཀོན་མཆོག་འཇིགས་མེད་དབང་བོས་མཛད་པའི་བསམ་གཟུགས་ལེགས་བཤད་བུམ་བཟང་གི་དབུའི་སྔགས་སྒྲུབ་ཚུལ་ལ་གཉིས། སྔགས་འགོད་པ་དང་། དེ་བསྒྲུབ་པའོ། །

        དང་བོ་ནི། ན་མོ་གུ་རུ་མུནཱིནྡྲ་ཡ་ཞེས་བྱུང་། གཉིས་པ་ནི། ཎ༵མ་རབ་ཏུ་འདུད་པ་ལའོ་ཞེས་པའི་བྱིངས་བཞག  དང་བོའི་ཥ་ཎ་འོས་ཎ་ནར་བསྒྱུར། དེ་ལ་ཨི་མ༵ན་ཏྲ་ཨསུཀ༵འོས་རྐྱེན་ཨསུཀ༵ ་བྱིན། ཀ་གནས་དོན་ཨུ་བརྗོད་དོན་ཡིན་པས་ཕྱིས། དེ་ལ་རྣམ་དབྱེ་དང་བོའི་གཅིག་ཚིག་གི་སི་བྱིན། མི་བཟད་པ་ལས་རྣམ་དབྱེ་རྣམས་འཇིག་གོ་ཞེས་པའི་སི་འཇིག  ས་ར་དག་གི་རྣམ་བཅད་དོ་ཞེས་གོང་གི་ས་རྣམ་བཅད་བྱས་པས། ནམ༔སྟེ་ཕྱག་འཚལ་བའོ། །གྲཱྀ་གསལ་བར་བྱེད་པ་ལའོས་བྱིངས་བཞག  ཥ་ཀ་ཨུ་ཨུ་ཀཎ༵འོས་རྐྱེན་ཨུ་བྱིན། ཡོན་ཏན་ནོ་ཞེས་པས་(ག༵ཨར༵)ཡོན་ཏན་བྱས། ང་འགྲོ་བ་ལ་ཨ༵ཏ་ཨུའོ། །ཞེས་པས་ཡོན་ཏན་བྱས་པའི་ཨ་ཡིག་ཨུ་ཡིག་ཏུ་བསྒྱུར།

      དེ་ནས་དབྱངས་ཀྱི་དམན་པ་སོགས་ཀྱིས་ག༵་དང་ར༵་སྲོག་མེད་ཨུ་ལ་དྲངས་པས། གུ་རུ་སྟེ་བླ་མའོ། །མ་ན་ཤེས་པ་ལའོས་བྱིངས་མ་ན་བཞག  ནའི་ཨ་བརྗོད་དོན་ཡིན་པས་ཕྱིས། མ་ནི་ལས་ཀི་སྟེ་ཨར་ཨུ་ཉིད་ཀྱང་ངོ་ཞེས་པས་རྐྱེེན་ཀི་བྱིན། ཀ་ཡཎ་བྱིན་པའི་དོན་ཡིན་པས་ཕྱིས། མའི་ཨ་ཨུ་ཡིག་དུ་བསྒྱུར། དབྱངས་ཀྱི་དམན་པ་སོགས་ཀྱིས་མ༵་ཨུ་ལ་དྲངས་ན༵་ཨི་ལ་དྲངས་པས། མུ་ནི་སྟེ་ཐུབ་པའོ། །

      ཨི་དི་དབང་ཞིང་ཕྱུག་པ་ལའོ་ཞེས་པའི་བྱིངས་བཞག  ཨི་དི་ཙ་དི་ཤ་ཀི་རུ་ད་རྣམས་ལས་རའོས་རྐྱེན་བྱིན། དིའི་སྲོག་གི་ཨི་མུམ༵་དོན་ཡིན་པས་ཕྱིས། ཨིཏ༵་འགྲོ་བ་ལ་མུམ༵་འོས་མུམ༷་བྱིན། མ་གནས་དོན། ཨུ་བརྗོད་དོན་ཡིན་པས་ཕྱིས། མུམ༵་རྐྱེན་འདི་ད༵འི་སྔོན་དུ་བྱིན་དགོས། མ་ནི་རྗེས་སུ་ང་རོའིས་མ༵་ཡིག་རྗེས་སུ་ང་རོར་བྱས། རྗེས་སུ་ང་རོ་ནར་བསྒྱུར་ཏེ། དབྱངས་ཀྱི་དམན་པ་སོགས་ཀྱིས་ན༵་དང་ད༵་སྲོག་མེད་རར་དྲངས་པས། ཨིནྡྲ་སྟེ་དབང་བོའོ། །

     ཨ་ལས་ཨ་ལ་ཨུའོས་ནམ༔ཀྱི་ཨུ་ཡིག་ཏུ་བསྒྱུར། ཨུ་ལ་ཨོའོས་ཨུ་ཡིག་ཨོ་ཡིག་ཏུ་བསྒྱུར་ཏེ་མ་ཨོ་ལ་དྲངས་པས། ན་མོ་གྲུབ། མུ་ནི་ཞེས་པའི་ནིའི་ཨི་ཡིག་དང་ཨིནྡྲ་ཞེས་པའི་ཨི་ཡིག་གཉིས་འདྲ་བའི་ཡི་གེ་འདུས་པ་ལ་རིང་བོའོས་འདྲ་རིང་བྱས་པས། མུནཱིནྡྲ་ཞེས་པའོ། །ཡ་ནི་དང་དོན་ནོ། །

               ཞེས་ལམ་དར་རྒྱས་སམ་མཚོ་བྱུང་སྨྲ་བའི་ཟླ་བ་རུ་འབོད་པས་རང་ཤག་དམ་ཆོས་འོ་མཚོ་འཁྱིལ་བའི་དགའ་ཚལ་དུ་བྲིས།


རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025



བརྒྱུད་འགོད།