ཁྱབ་པ་སྒོ་བརྒྱད་ཀྱི་ཁྱབ་མཐའ་བཞུགས་སོོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-19 07:30:40     རྩོམ་པ་པོ།   ལྷ་རམས་པ་འཇིགས་མེད་རྒྱ་མཚོ།    ཀློག་ཐེངས།  

微信图片_202006180751375.jpg

  ༼༡༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་།  ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པའི་ཕྱིར།  ༼༢༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་འདི་ལ་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་ཡོད་པའི་ཕྱིར།   ༼༣༽རྗེས་ཁྱབ་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་དང་གསལ་བ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༤༽གཞན་སེལ་རྟགས་སུ་བཀོད་པའི་འགལ་ཁྱབ་ཁྱབ་བ་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་ཡོད་པའི་ཕྱིར། ༼༥༽རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན།  ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཐུར་ཁྱབ་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་རྟགས་གྲུབ་མ་གྲུབ་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༦༽ཐུར་ཁྱབ་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་བཞི་བཅུ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟགས་གྲུབ་མ་གྲུབ་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༧༽ཁྱབ་བ་སྒོ་བརྒྱད་པོ་ངེས་པའི་ཐལ་འགྱུར་ཡིན་ན།  རྟགས་གྲུབ་པའི་ཐལ་འགྱུར་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༨༽ཁྱབ་སྒོ་རེ་བཞིའི་ནང་གི་སོ་དྲུག་ཙམ་ངེས་པའི་ཐལ་འགྱུར་ཡིན་ན།  ལྡོག་ཁྱབ་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་རྗེས་ཁྱབ་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་ཡོད་པའི་ཕྱིར།   ༼༩༽གསལ་བ་སྦུབས་འཚང་གི་ཐལ་འགྱུར་ཡིན་ན།  ལྡོག་ཁྱབ་ནང་གི་བཞི་ཙམ་མ་ངེས་པའི་ཐལ་འགྱུར་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་འགལ་མི་འགལ་གཉིས་ཡོད་པའི་ཕྱིར།   ༼༡༠༽བསྡུས་་གྲྭའི་གཞུང་ཚིག་ཏུ་གྱུར་པའི་རྟག་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ན།  རྟགས་གྲུབ་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༡༡༽ཁྱབ་པ་སྒོ་བརྒྱད་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་དང་།  ལྡོག་ཁྱབ་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༡༢༽ཁྱབ་པ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་དང་།  འགལ་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པའི་མུ་བཞི་བོ་རེ་རེ་ལ་རྟགས་གྲུབ་པའི་ཐལ་འགྱུར་དང་མ་གྲུབ་པའི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༡༣༽ཁྱབ་པ་སྒོ་བརྒྱད་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་དང་།  ལྡོག་ཁྱབ་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟགས་གསལ་ཐ་དད་དང་ཐ་མི་དད་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༡༤༽རྩ ཚིག་ལས།  ཐལ་འགྱུར་དེ་ཡི་རྗེས་ཁྱབ་དང་།།  ལྡོག་ཁྱབ་ལ་ནི་ཁྱད་པར་མེད་།།ཅེས་པའི་རྗེས་ལྡོག་གི་ཁྱབ་པ་ཁྱད་མེད་གསུང་བའི་ཐལ་འགྱུར་ལ་ཆོས་ཅན་དང་གསལ་བ་སྦུབས་འཚང་གཉིས་ཡོད་པའི་ཕྱིར།   ༼༡༥༽རྗེས་ཁྱབ་རྣལ་མ་ངེས་པའི་སྦུབས་འཚང་དང་།  ཐུར་ཁྱབ་ཆ་རྣམས་ངེས་པའི་སྦུབས་འཚང་གི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྐོར་འབེབ་ཡིན་མིན་གཉིས་ཡོད་པའི་ཕྱིར།   ༼༡༦༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་དང་།  ཁྱབ་སྒོ་རེ་བཞིའི་ནང་གི་བརྒྱད་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟགས་གྲུབ་པའི་ཐལ་འགྱུར་དང་རྟགས་མ་གྲུབ་པའི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༡༧༽རྗེས་ཁྱབ་ནང་གི་དྲུག་ཙམ་ངེས་པའི་ཐལ་འགྱུར་དང་།  ཁྱབ་སྒོ་རེ་བཞིའི་ནང་གི་ཉེར་བཞི་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༡༨༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་ཡིན་ན།   ཁྱབ་སྒོ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའི་ཐལ་འགྱུར་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟགས་གྲུབ་མ་གྲུབ་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༡༩༽བདག་མེད་རྟགས་སུ་བཀོད་པའི་ཁྱབ་པ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་དང་ཁྱོད་ལ་མུ་བཞི་ཡོད་ན།  ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཐལ་འགྱུར་ལ་སྦུབས་འཚང་ཡིན་མིན་གཉིས་ཡོད་པའི་ཕྱིར།   ༼༢༠༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་དང་།  འགལ་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྣམ་གྲངས་བཅྭོ་ལྔར་བཤད་པ་ཡིན།།ཞེས་པའི་རྣམ་གྲངས་བཅྭོ་ལྔ་ཡོད་པའི་ཕྱིར། ༼༢༡༽ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་གི་ཉི་ཤུ་ཙམ་ངེས་པའི་ཐལ་འགྱུར་དང་།  ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༢༢༽རྩ་ཚིག་ལས།  འདིར་བཀོད་པ་ལ་འགལ་བ་མེད།།ཅེས་པའི་དངོས་བསྟན་གྱི་ཁྱབ་པ་ངེས་པའི་ཐལ་འགྱུར་ལ་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་དང་གསལ་བ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༢༣༽བདག་མེད་ཡིན་ན།  ཁྱོད་ཡིན་པར་ཐལ།  ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་རྟོགས་པའི་རྣམ་མཁྱེན་གྱི་གཞལ་བྱ་ལ་རིགས་རྒྱན་ལས་བཤད་པའི་རྩོད་པའི་ཡན་ལག་བཞི་ཡོད་པའི་ཕྱིར།  ༼༢༤༽རྗེས་ཁྱབ་ངེས་པའི་ཐལ་འགྱུར་དང་རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༢༥༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་དང་།  བདག་མེད་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་ན་ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྗེས་ཁྱབ་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༢༦༽རྗེས་ཁྱབ་རྣལ་མ་ལྔ་ངེས་པའི་ཐལ་འགྱུར་དང་ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་དགག་གཞིའི་རྣམ་བཞག་འདི་ལྟ་སྟེ།།ཞེས་པའི་སྐབས་ནས་བསྟན་པའི་བརྩི་ཚུལ་ལྔའི་དབང་དུ་བྱས་པའི་རྟགས་གྲུབ་པའི་ཐལ་འགྱུར་དང་རྟགས་མ་གྲུབ་པའི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༢༧༽བདག་མེད་ཡིན་ན་ཁྱོད་ཀྱི་རྟགས་གསལ་རྩོད་གཞི་གསུམ་ཀ་ཡོད་པས་ཁྱབ་པར་རྟོགས་པའི་རྣམ་མཁྱེན་གྱི་གཞལ་བྱ་ལ་སེམས་བྱུང་རྫས་ཡོད་ཉེར་གཉིས་ཡོད་པའི་ཕྱིར། ༼༢༨༽ལྡོག་ཁྱབ་ཕྱིན་ཅི་ལོག་གི་ཁྱབ་པ་སྒོ་བརྒྱད་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་ནས་སོ་དྲུག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཆོས་ཅན་དང་གསལ་བ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༢༩༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་དྲུག་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་ནས་ཉེར་བརྒྱད་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པའི་ཕྱིར།  ༼༣༠༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཆོས་ཅན་དང་གསལ་བ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༣༡༽ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་ནས་བཞི་བཅུ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་བདག་མེད་རྟགས་སུ་བཀོད་མ་བཀོད་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།༼༣༢༽ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་གི་ཞེ་བཞི་ཙམ་ངེས་པའི་ཐལ་འགྱུར་དང་རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༣༣༽རྣལ་མ་ལྔའི་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་ནས་ཉེར་བཞི་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༣༤༽རྣལ་མ་ལྔ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་ཞེ་བཞི་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༣༥༽ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༣༦༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་རྣལ་མ་ལྔའི་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟགས་གྲུབ་མ་གྲུབ་ཀྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༣༧༽ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་ནས་སོ་དྲུག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་དང་གསལ་བ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༣༨༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པའི་ཕྱིར།   ༼༣༩༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པའི་ཕྱིར།༼༤༠༽བུམ་པ་ཁྱོད་ཀྱི་རྗེས་ཁྱབ་ངེས་པའི་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་དང་།  ཀ་བ་ཁྱོད་ཀྱི་རྗེས་ཁྱབ་ངེས་པའི་ཆོས་ཅན་སྦུབས་འཚང་གི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྐོར་འབེབས་ཡིན་མིན་གཉིས་ཡོད་པའི་ཕྱིར།  ༼༤༡༽གཅིག་ཏུ་རྟོགས་པའི་རྣམ་མཁྱེན་དང་གཅིག་ཏུ་རྟོགས་པའི་རྣམ་མཁྱེན་གྱི་དམིགས་པ་ཡིན་ན།  ཐ་དད་དུ་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར།   ༼༤༢༽རྩ་ཁྱབ་ལྔའི་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ཕྱིན་ཅི་ལོག་སྒོ་བརྒྱད་ནང་གི་གསུམ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྩ་ཚིག་ལས་དངོས་སུ་བསྟན་པའི་ཁྱབ་པའི་རྣམ་གྲངས་སོ་གཉིས་ངེས་པའི་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༤༣༽ཁྱབ་སྒོ་དྲུག་ཅུ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའི་ཐལ་འགྱུར་དང་ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། ༼༤༤༽ཁྱབ་པ་རྣལ་མ་བཞིའི་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ཕྱིན་ཅི་ལོག་བཞིའི་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་གི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༤༥༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་ཉི་ཤུ་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་ཡིན་མིན་གྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༤༦༽རྗེས་ཁྱབ་ཁ་བུབ་ཆ་ངེས་པའི་ཐལ་འགྱུར་དང་།  རྣལ་མ་ལྔའི་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྗེས་ཁྱབ་གྲུབ་པའི་ཐལ་འགྱུར་དང་།  འགལ་ཁྱབ་གྲུབ་པའི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།  ༼༤༧༽ཁྱབ་སྒོ་རེ་བཞིའི་ནང་གི་ཞེ་བཞི་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ཕྱིན་ཅི་ལོག་ཁྱབ་པ་སྒོ་བརྒྱད་ནང་གི་བདུན་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་དང་ཁ་བུབ་ངེས་པའི་སྦུབས་འཚང་གཉིས་ཡོད་པའི་ཕྱིར།  ༼༤༨༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་དང་ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྗེས་ཁྱབ་གྲུབ་པའི་ཁྱབ་སྒོ་རེ་བཞིའི་ནང་གི་ཉེར་བརྒྱད་ཙམ་ངེས་པའི་སྦུབས་འཚང་གཉིས་ཡོད་པའི་ཕྱིར། ༼༤༩༽ཁྱབ་པ་རྣལ་མ་ལྔའི་ནང་གི་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་བཞི་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྦུབས་འཚང་ཡིན་མིན་གྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༥༠༽རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་ལྔ་ཙམ་ངེས་པའི་ཐལ་འགྱུར་དང་ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེའི་ངོ་བོར་གྱུར་པའི་ཁྱབ་སྒོ་རེ་བཞིའི་ནང་གི་སོ་དྲུག་ཙམ་ངེས་པའི་ཐལ་འགྱུར་ལ་སྦུབས་འཚང་ཡིན་མིན་གྱི་ཐལ་འགྱུར་གཉིས་ཡོད་པའི་ཕྱིར།   ༼༥༡༽ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་གི་དྲུག་ཙམ་ངེས་པའི་ཐལ་འགྱུར་དང་ཁྱབ་སྒོ་རེ་བཞིའི་ནང་གི་བཅུ་དྲུག་ཙམ་ངེས་པའིཐལ་འགྱུར་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཁྱབ་པ་སྒོ་བརྒྱད་ནང་གི་གང་ཡང་མ་ངེས་པའི་ཐལ་འགྱུར་ཡང་དག་རེ་ཡོད་པའི་ཕྱིར།།  དགེའོ།།

ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།