རིགས་པའི་ལམ་ཕྲན་བགྲོད་པའི་དམིགས་བུ་ཧ་ནུ་མན་ཐ་ཞེས་བྱ་བ་བཞུགས་སོ།།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ༼༡ ༽ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་ན། ཁྱོད་བདག་མེད་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༢ སྒྲ་ཁྱོད་ཀྱི་ལྡོག་པ་གཟུགས་ཁྱོད་དང་། གཟུགས་ཁྱོད་ཀྱི་ལྡོག་པ་སྒྲ་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་དབང་བོ་དྲུག་ཡོད་པའི་ཕྱིར། ༼༣༽ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང་། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ལྡན་མིན་ཉེར་གསུམ་ཡོད་པའི་ཕྱིར། ༼༤༽ཁྱོད་ཀྱི་ལྡོག་པ་གསུམ་པོ་གང་རུང་ཡིན་ན་གཟུགས་ཡིན་པའི་ཁྱབ་ན། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༥༽ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་བོ་རེ་རེ་དང་། ཁྱོད་ལ་མུ་བཞི་ཡོད་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༦༽ཁྱོད་ཡིན་པ་ལས་ལོག་པ་ཁྱོད་དང་། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ལྡན་མིན་བཅུ་བཞི་ཡོད་པའི་ཕྱིར། ༼༧༽རྩ་ཚིག་ལས། ཕྱི་དང་ནང་གི་ཁམས་བཅྭོ་བརྒྱད་ཅེས་པའི་དངོས་བསྟན་གྱི་ནང་ཁམས་དང་སྒྲུབ་པའི་ཐོག་བཅས་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༨༽རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་རེ་རེ་ཁྱོད་དང་། ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་བསྡུས་ཚན་ཉེར་ལྔ་ཡོད་པའི་ཕྱིར། ༼༩༽རང་ཡུལ་དུ་བྱེད་པའི་རྟེན་བཅས་དབང་བོ་གཟུགས་ཅན་གྱི་ཡུལ་ཡིན་ན། རང་སྣང་བའི་དབང་ཤེས་ལྔ་བོ་རེ་རེའི་བདག་རྐྱེན་དབང་བོ་ཁ་དོག་ལ་རྩ་བའི་ཁ་དོག་བཞི་མེད་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་འབྱུང་འགྱུར་གྱི་རེག་བྱ་བདུན་ཡོད་པའི་ཕྱིར། ༼༡༠༽གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་རེ་རེ་འཛིན་པའི་མངོན་སུམ་གྱི་བཟུང་བྱ་དང་། དེ་གསུམ་རེ་རེ་འཛིན་པའི་མངོན་སུམ་གྱི་གཞལ་བྱ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། ༼༡༡༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་དང་། དངོས་པོར་རྟོགས་པའི་ཚད་མ་ཁྱོད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་གཟུགས་ཕུང་བཅུ་གཅིག་ཡོད་པའི་ཕྱིར། ༼༡༢༽རྣམ་མཁྱེན་དང་ཁྱོད་ཀྱི་གཞི་མཐུན་ཡོད་ན། གསལ་བ་དང་ཁྱོད་ཀྱི་གཞི་མཐུན་ཡོད་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༣༽བདག་མེད་ཡིན་ན་ཁྱོད་མ་ཡིན་པའི་ཁྱབ་ན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༤༽རང་གི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་ཕྱི་ནང་གི་གཟུགས་གཉིས་པོ་གང་རུང་ལ་བསྡུ་བྱ་བསྡུ་བྱེད་ཀྱི་རེག་བྱ་གཉིས་ཡོད་པའི་ཕྱིར། ༼༡༥༽ཁྱོད་ཁྱོད་མ་ཡིན་ན་། ཁྱོད་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༦༽རྩ་ཚིག་ལས། ལྟ་བ་དབུ་མར་འཇུག་པའི་ཚུལ་ཞེས་པའི་སྐབས་ནས་བསྟན་པའི་རྟེན་འབྲེལ་ལ་དབྱེ་བས་བཅྭོ་བརྒྱད་ཡོད་པའི་ཕྱིར། ༼༡༧༽ཁྱོད་ཀྱི་དོན་ལྡོག་དང་ཁྱོད་ལ་མུ་བཞི་ཡོད་ན། ཁྱོད་ཀྱི་རང་ལྡོག་དང་ཁྱོད་ལ་མུ་བཞི་མེད་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༨༽ཁྱོད་ཁྱོད་མ་ཡིན་པ་དང་རྣམ་མཁྱེན་ཁྱོད་མ་ཡིན་པ་གཉིས་ག་རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་གང་རུང་ཡིན་ན་ཁྱོད་ཡིན་པས་ཁྱབ་ན། ཁྱོད་ཀྱི་གཞི་མཐུན་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། ༼༡༩༽ཁྱོད་ཡིན་ན་དངོས་པོ་ཡིན་པས་ཁྱབ། ཁྱོད་མ་ཡིན་ན་རྟག་པ་ཡིན་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མ་ཟིན་པའི་ཁམས་དགུ་ཡོད་པའི་ཕྱིར། ༼༢༠༽ཁྱོད་དུ་གྱུར་པ་ཡིན་ན། ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༢༡༽རྣམ་མཁྱེན་དང་ཡིན་ཁྱབ་མཉམ་ཡིན་ན། བདག་མེད་དང་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མ་ཟིན་པའི་ཁམས་དགུ་ཡོད་པས་དེ་དགུ་བོ་རེ་རེ་ལ་སྒྲུབ་ཐོག་དམིགས་ཐོག་གཉིས་ཡོད་པའི་ཕྱིར། ༼༢༢༽བཟུང་བ་ཡུལ་དྲུག་ཡུལ་དུ་བྱེད་པའི་རྣམ་ཤེས་ཚོགས་དྲུག་གི་གཞལ་བྱ་ལ་སྐྱེ མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༢༣༽སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་བོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཁམས་བཅྭོ་བརྒྱད་ཡོད་པའི་ཕྱིར། ༼༢༤༽མངར་བ་ཡིན་ན་ཁྱོད་ཡིན་པས་ཁྱབ། སྐྱུར་བ་ཡིན་ན་ཁྱོད་ཡིན་པས་ཁྱབ་ན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རོ་བརྒྱ་རྩ་བརྒྱད་ཡོད་པའི་ཕྱིར། ༼༢༥༽ཁྱོད་ཡིན་ན་འབྱུང་བ་དང་འབྱུང་གྱུར་གང་རུང་ཡིན་པས་ཁྱབ་ན། ཁྱོད་ཀྱི་ཡིན་པ་ལ་གཟུགས་ཅན་བཅུ་མེད་པས་ཁྱབ་པའི་ཕྱིར། ༼༢༦༽རྗེས་དཔག་གསུམ་པོ་རེ་རེའི་གཞལ་བྱ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ཡོད་པའི་ཕྱིར། ༼༢༧༽བུམ་པའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་ན། ཀ་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཕུང་བོ་ལྔ་ཡོད་པའི་ཕྱིར། ༼༢༨༽གཟུགས་ཡིན་ན་ཁྱོད་ཀྱི་ཁ་དོག་དང་དབྱིབས་གཉིས་སྣང་བའི་དབང་ཤེས་ཀྱི་ཡུལ་ལ་ཀུན་བཏུས་ལས་བསྟན་པའི་གཟུགས་ཁམས་ཉེར་ལྔ་ཡོད་པའི་ཕྱིར། ༼༢༩༽དེ་རིང་གི་དུས་ཀྱི་ཆོས་གསུང་བ་པོ་དང་ཆོས་གསུང་བ་པོ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༣༠༽ཁྱོད་ཀྱི་རང་ལྡོག་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་ན། ཁྱོད་ཀྱི་གཞི་ལྡོག་ཡིན་ན་དོན་ལྡོག་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ཡིན་ན། ཁྱོད་ལ་ཁམས་བཅྭོ་བརྒྱད་མེད་པས་ཁྱབ་པའི་ཕྱིར། ༼༣༡༽ཁྱོད་མེད་པ་ཡིན་ཁྱོད་ཡོད་ན་མེད་པས་ཁྱབ་ན། བདག་མེད་ཡིན་ན་ཁྱོད་མེད་པའི་མ་ཁྱབ་ཀྱི་སྐྱོན་དང་ཡོད་པ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། ༼༣༢༽དངོས་པོ་དང་ཁྱོད་ཀྱི་གཞི་མཐུན་ཡོད་ན། རྟག་པ་དང་ཁྱོད་ཀྱི་གཞི་མཐུན་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་གཉིས་ཡོད་པའི་ཕྱིར། ༼༣༣༽དངོས་པོ་དང་ཁྱོད་ལ་མུ་བཞི་ཡོད་ན། རྟག་པ་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རོ་བརྒྱ་རྩ་བརྒྱད་ཡོད་པའི་ཕྱིར། ༼༣༤༽བུམ་པའི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ཡོད་པའི་ཕྱིར། ༼༣༥༽མིག་ཤེས་ཀྱི་བཟུང་བྱ་དང་། མིག་ཤེས་ཀྱི་གཞལ་བྱ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༣༦༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་མ་ཡིན་པ་ལས་ལོག་པ་དང་། ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༣༧༽ཁྱོད་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་། ཁྱོད་ཡིན་ན་མེད་པ་མ་ཡིན་པས་ཁྱབ་ན། ཁྱོད་བདག་མེད་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རེག་བྱ་བཅྭོ་ལྔ་ཡོད་པའི་ཕྱིར། ༼༣༨༽ཁྱོད་ཀྱི་རང་ལྡོག་ཡིན་ན་ཁྱོད་ཡིན་པས་ཁྱབ་ན། ཁྱོད་ཀྱི་དོན་ལྡོག་ཡིན་ན་ཁྱོད་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༣༩༽རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དང་ཁྱོད་ལ་མུ་བཞི་ཡོད་ན། གཟུགས་ཀྱི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༤༠༽བུམ་པ་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་ན། བུམ་པ་ཡིན་ན་ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཁམས་ཉེར་ལྔ་ཡོད་པའི་ཕྱིར། ༼༤༡༽རྣམ་མཁྱེན་དང་ཁྱོད་ཀྱི་གཞི་མཐུན་ཡོད་ན། བྱས་པ་དང་ཁྱོད་ཀྱི་གཞི་མཐུན་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༤༢༽དབྱིབས་བརྒྱད་པོ་གང་རུང་མ་ཡིན་པའི་དབྱིབས་དང་། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་མ་ཡིན་པའི་ཡན་ལག་གི་ཁ་དོག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྩ་བའི་ཁ་དོག་བཞི་ཡོད་པའི་ཕྱིར། ༼༤༣༽རང་གི་ལྡོག་པ་རང་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྩ་བའི་ཁ་དོག་བཞི་ཡོད་པའི་ཕྱིར། ༼༤༤༽རྣམ་མཁྱེན་དང་ཡིན་ཁྱབ་མཉམ་དང་ཁྱོད་ལ་མུ་བཞི་ཡོད་ན། ཤེས་པ་དང་ཡིན་ཁྱབ་མཉམ་དང་ཁྱོད་ལ་མུ་བཞི་མེད་པས་ཁྱབ་པའི་ཕྱིར། ༼༤༥༽ཁྱོད་རྟག་པ་ཡིན་ཁྱོད་ཡིན་ན་དངོས་པོ་ཡིན་པས་ཁྱབ་ན། དངོས་པོའི་ལྡོག་པ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༤༦༽རི་བོང་རྭའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་ཀྱི་བྱེ་བྲག་མེད་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༤༧༽དབྱིབས་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་ཐོག་བཅས་ཀྱི་གཟུགས་ཡིན་ན། ཁྱོད་ལ་རྒྱུའི་གཟུགས་དང་འབྲས་བུའི་གཟུགས་གཉིས་ཡོད་པས་ཁྱབ་པའི་ཕྱིར། ༼༤༨༽ཁྱོད་ཡིན་པར་གྱུར་པའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་ན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༤༩༽ཁྱོད་ཀྱི་ལྡོག་པ་གསུམ་པོ་ཡོད་པ་གང་ཞིག ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་ནས་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༥༠༽དོན་ལྔ་རྟོགས་པའི་རྣམ་ཤེས་ཚོགས་དྲུག་གི་གཞལ་བྱ་ལ་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༥༡༽རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་རེ་རེ་ནས་ཁྱོད་ཡིན་ན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་ཁྱོད་གྱི་མཚན་མཚོན་གང་རུང་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་དགག་སྒྲུབ་གཉིས་ཡོད་པའི་ཕྱིར། ༼༥༢༽རང་གི་གཞལ་བྱ་དངོས་པོར་རྟོགས་པའི་བློ་དང་། རང་གི་གཞལ་བྱ་དངོས་མེད་དུ་རྟོགས་པའི་བློ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༥༣༽དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་ན། ཁྱོད་ཀྱི་གཞལ་བྱར་མིག་ཤེས་ཀྱི་བཟུང་བྱར་གྱུར་པའི་གཟུགས་ཁམས་ཉེར་ལྔ་མེད་པས་ཁྱབ་པའི་ཕྱིར། ༼༥༤༽ཁྱོད་ཀྱི་མཚན་གཞི་ཡིན་ན་བུམ་པ་ཡིན་པས་ཁྱབ། ཁྱོད་ཡིན་ན་རྟག་པ་ཡིན་པས་ཁྱབ་ན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༥༥༽ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་ན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༥༦༽དཀར་བོ་མཐོང་བའི་མིག་ཤེས་ཀྱི་གཞལ་བྱ་ལ་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༥༧༽སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༥༨༽ཡོད་པ་དང་ཡིན་ཁྱབ་མཉམ་ཡིན་ན། རང་གི་ལྡོག་པ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རེག་བྱ་བཅྭོ་ལྔ་ཡོད་པའི་ཕྱིར། ༼༥༩༽ཁྱོད་དབང་ཤེས་ཡིན་ན་རང་གི་བདག་རྐྱེན་དབང་བོའི་ཡུལ་ལ་གཟུགས་ཀྱི་སྐྱེ་མཆེད་ཉེར་ལྔ་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྔོ་འཛིན་དབང་ཤེས་ཀྱི་ཡུལ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༦༠༽གཞི་གྲུབ་ན་ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་ན། གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་བསྡུས་གྲྭའི་རྩོམ་འཕྲོ་ལས་བསྟན་པའི་དགུ་བོ་བསྟན་མེད་ཡིན་ཞེས་པའི་དགུ་བོ་ཡོད་པའི་ཕྱིར། ༼༦༡༽ཡིན་པ་སྲིད་པའི་ཤེས་བྱ་གང་ཞིག ཁྱོད་ཡིན་ན་རྣམ་མཁྱེན་དང་གཅིག་ཡིན་པས་ཁྱབ། ཁྱོད་ཡིན་ན་མེད་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༦༢༽རྩ་ཚིག་ལས། མ་ཡིན་པ་དང་ཁྱབ་མཉམ་ཞེས་པའི་ཁྱབ་མཉམ་ཚང་བའི་ཚད་མའི་གཞལ་བྱ་ལ་ལྡན་མིན་བཅུ་བཞི་ཡོད་པའི་ཕྱིར། ༼༦༣༽རྩ་ཚིག་ལས། ཡོད་རྟོགས་གཙོ་བས་ཆ་ཡ་བརྩི་ཞེས་པའི་ཡོད་པར་རྟོགས་པའི་རྣམ་མཁྱེན་གྱི་གཞལ་བྱ་ལ་བསོད་ནམས་བྱ་བ་རྣམ་གསུམ་དང་ཞེས་པའི་བསོད་ནམས་བྱ་བའི་གཞི་གསུམ་ཡོད་པའི་ཕྱིར། ༼༦༤༽ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན། ཁྱོད་ལ་མཚན་མཚོན་གཉིས་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཁྱོད་ཀྱི་ལྡོག་པ་གཉིས་ཡོད་པའི་ཕྱིར། ༼༦༥༽གཞི་གྲུབ་ན་ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༦༦༽རང་སྣང་བའི་དབང་ཤེས་ལྔ་བོ་གང་རུང་གི་ཡུལ་ཏུ་གྱུར་པའི་ཐོག་བཅས་ཐོག་མེད་ཀྱི་གཟུགས་གཉིས་པོ་རེ་རེ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་ཡོད་པའི་ཕྱིར། ༼༦༧༽སྒྲ་དང་ཁྱོད་ལ་མུ་བཞི་ཡོད་ན་སྒྲ་མ་ཡིན་པ་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ལྡན་མིན་བཅུ་བཞི་ཡོད་པའི་ཕྱིར། ༼༦༨༽རང་ལྡོག་ཁྱོད་ཀྱི་སྤྱི་དང་དོན་ལྡོག་ཁྱོད་ཀྱི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ལྡོག་པ་གསུམ་ཡོད་པའི་ཕྱིར། ༼༦༩འབྱུང་བ་ལས་གྱུར་པའི་དྲི་ཨ་སྨྲ་སྨིན་པའི་དྲི་ལྟ་བུའི་དྲི་དྲུག་ཡོད་ཅེས་པའི་སྐབས་ནས་བསྟན་པའི་དྲི་སྔ་མ་གསུམ་གྱི་དང་བོ་དང་ཕྱི་མ་གསུམ་གྱི་དང་བོ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཞིམ་པའི་དྲི་དང་མི་ཞིམ་པའི་དྲི་གཉིས་ཡོད་པའི་ཕྱིར། ༼༧༠༽གཟུགས་ཡིན་པར་གྱུར་པའི་ཁྱོད་ཡོད་ན། དངོས་པོ་ཡིན་པར་གྱུར་པའི་ཁྱོད་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཡིན་ན། གཟུགས་ཅན་བཅུ་བོ་གང་རུང་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཡོད་པའི་ཕྱིར། ༼༧༡༽སངས་རྒྱས་ཀྱི་གསུང་གི་ངོ་བོར་གྱུར་པའི་སྒྲ་རྣམ་པ་བརྒྱད་པོ་རེ་རེ་ནས་ཁྱོད་ཡིན་ན། ཁྱོད་ཀྱི་ལྡོག་པ་གསུམ་པོ་གང་རུང་ཡིན་ན་མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མ་ཟིན་པའི་ཁམས་དགུ་ཡོད་པའི་ཕྱིར། ༼༧༢༽གཅིག་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་དང་། ཁྱོད་གཉིས་ལ་མུ་བཞི་ཡོད་པའི་བསྡུ་བྱ་བསྡུ་བྱེད་ཀྱི་རེག་བྱ་ཉེར་གཉིས་ཡོད་པའི་ཕྱིར། ༼༧༣༽རང་གི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རེག་བྱ་བཅུ་གཅིག་ལ་བསྡུ་བྱ་བསྡུ་བྱེད་ཀྱི་རེག་བྱ་གཉིས་ཡོད་པའི་ཕྱིར། ༼༧༤༽རི་བོང་རྭའི་ལྡོག་པ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡུལ་དུ་བྱེད་པའི་མིག་ཤེས་ཀྱི་བདག་རྐྱེན་དབང་བོ་ཡུལ་ལ་ཕྱིའི་གཟུགས་ལྔ་ཡོད་པའི་ཕྱིར། ༼༧༥༽རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་རེ་རེ་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་དང་འགལ་བ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༧༦༽ཁམས་བཅྭོ་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་དགེ་སོགས་གསུམ་ཡོད་པའི་ཕྱིར། ༼༧༧༽ཁྱོད་རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་གང་རུང་དང་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་ཡིན་ན་རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་གང་རུང་དང་ཡིན་ཁྱབ་མཉམ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༧༨༽ཁྱོད་ཀྱི་ལྡོག་པ་གསུམ་པོ་གང་རུང་ཡིན་ན་གཟུགས་ཡིན་པས་ཁྱབ་ན། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༧༩༽བདག་མེད་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་ན། ཁྱོད་ཡིན་ན་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་སྒྲིབ་ལ་ཐོག་བཅས་དང་ཡུལ་ལ་ཐོག་བཅས་གཉིས་ཡོད་པར་རྟོགས་པའི་རྣམ་མཁྱེན་གྱི་གཞལ་བྱ་ལ་གསུངས་རབ་ལས་བཤད་པའི་གཞི་ལྔ་ཡོད་པའི་ཕྱིར། ༼༨༠༽ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ལྔ་བོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་སྐྱེ་མཆེད་བཅུ་གཉིས་ཡོད་པའི་ཕྱིར། ༼༨༡༽སངས་རྒྱས་ཀྱི་སྐུ་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་ན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གང་རུང་དང་ཁྱོད་ཀྱི་གཞི་མཐུན་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༨༢༽ཁྱོད་ཀྱི་རང་ལྡོག་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་ན། ཁྱོད་ཀྱི་དོན་ལྡོག་ཡིན་ན་ཁྱོད་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ཡོད་བཞི་ཡོད་པའི་ཕྱིར། ༼༨༣༽མདུན་གྱི་གཞི་འདིར་མེད་པའི་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༨༤༽ཁྱོད་མ་ཡིན་ན་མེད་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༨༥༽རང་གི་དབྱེ་གཞི་རང་དང་། རང་གི་དབྱེ་ཆོས་རང་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༨༦༽ཁྱོད་ཀྱི་ལྡོག་པ་གསུམ་པོ་ཁྱོད་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༨༧༽ཁྱོད་ཀྱི་རྒྱུ་མི་རྟག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མི་རྟག་པ་ཡིན་ན་ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༨༨༽གཟུགས་ཀྱི་སྐྱེ་མཆེད་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྒྱུ་འབྲས་ཀྱི་གཟུགས་གཉིས་ཡོད་པའི་ཕྱིར། ༼༨༩༽བདག་མེད་ཡིན་ན་ཁྱོད་ཡིན་པས་ཁྱབ། ཁྱོད་ཡིན་ན་རྟག་པ་ཡིན་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར། ༼༩༠༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་དང་། རྟག་པར་རྟོགས་པའི་ཚད་མ་ཁྱོད་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ལྡོག་པ་གསུམ་ཡོད་པའི་ཕྱིར། ༼༩༡༽བུམ་པ་མ་ཡིན་པའི་སྤྱིའི་བྱེ་བྲག་དང་། ཀ་བ་མ་ཡིན་པའི་སྤྱིའི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་རེ་ཡོད་པའི་ཕྱིར། ༼༩༢༽གང་ཟག་གི་བདག་མེད་རྟོགས་ན་ཁྱོད་རྟོགས་པས་ཁྱབ། ཁྱོད་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པས་ཁྱབ་ན། ཁྱོད་རྫས་ཆོས་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༩༣༽བུམ་པ་དང་ཁྱོད་ལ་མུ་བཞི་ཡོད་ན། ལྟོ་ལྡིར་བ་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༩༤༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་མ་ཡིན་པ་ལས་ལོག་པ་དང་། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་དུ་རྟོགས་པའི་ཚད་མ་ཡོད་པ་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༩༥༽བུམ་པའི་ལྡོག་པ་དང་ཁྱོད་ཀྱི་གཞི་མཐུན་ཡོད། ཀ་བའི་ལྡོག་པ་དང་ཁྱོད་ཀྱི་གཞི་མཐུན་ཡང་ཡོད་ན། ཁྱོད་ཀྭ་བུམ་གང་རུང་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་གཅིག་དང་ཐ་དད་གང་རུང་ཡོད་པའི་ཕྱིར། ༼༩༦༽མཚོན་བྱ་དང་ཁྱོད་ལ་མུ་བཞི་ཡོན་ན་མཚན་ཉིད་དང་ཁྱོད་ལ་མུ་བཞི་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་ན་རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཁྱབ་ན། གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༩༧༽ཁྱོད་མ་ཡིན་པ་ཁྱོད་ཀྱི་ལྡོག་པ་ཡིན་ན། ཁྱོད་མ་ཡིན་པ་ཡོད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྣམ་ཤེས་ཁམས་བདུན་ཡོད་པའི་ཕྱིར། ༼༩༨༽བུམ་པ་ཁྱོད་ཀྱི་ལྡོག་པ་ཡིན་ན། ཁྱོད་བུམ་པའི་ལྡོག་པ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རེག་བྱ་བཅྭོ་ལྔ་ཡོད་པའི་ཕྱིར། ༼༩༩༽རི་བོང་རྭའི་ལྡོག་པ་དང་ཡིན་ཁྱབ་མཉམ་དང་ཁྱོད་ལ་མུ་བཞི་ཡོད་ན། བུམ་པའི་ལྡོག་པ་དང་ཁྱོད་ལ་མུ་བཞི་ཡོད་པས་ཁྱབ་པའི་ཕྱིར། ༼༡༠༠༽ཁྱོད་མི་རྟག་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་དངོས་པོ་ལྡོག་པ་དང་ཡིན་ཁྱབ་མཉམ་མ་ཡིན་པས་ཁྱབ་པའི་ཕྱིར། ༼༡༠༡༽ཁྱོད་རྟག་པའི་སྤྱི་ཡིན་ཁྱོད་ཡིན་ན་དངོས་པོ་ཡིན་པས་ཁྱབ་ན། ཁྱོད་དངོས་པོ་ལྡོག་པ་དང་ཡིན་ཁྱབ་མཉམ་མ་ཡིན་པས་ཁྱབ་པའི་ཕྱིར།༼༡༠༢༽ཁྱོད་དངོས་པོ་ལྡོག་པ་གསུམ་པོ་རེ་རེ་དང་ཡིན་ཁྱབ་མཉམ་ཡིན་ན། དངོས་པོ་ལྡོག་པ་གསུམ་པོ་རེ་རེ་ནས་ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པའི་ཕྱིར། ༼༡༠༣༽དངོས་པོ་ལྡོག་པ་གསུམ་པོ་རེ་རེ་ནས་ཁྱོད་ཡིན་ན། རྣམ་མཁྱེན་དང་གཅིག་ཏུ་གྱུར་པའི་རྣམ་མཁྱེན་གྱི་བྱེ་བྲག་ཁྱོད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༡༠༤༽དངོས་པོ་དང་ཁྱོད་ཀྱི་ལྡོག་པ་གཉིས་ཡིན་ཁྱབ་མཉམ་ཡིན་ན། ཁྱོད་ཀྱི་ལྡོག་པ་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ཡོད་པའི་ཕྱིར། ༼༡༠༥༽ཁྱོད་ཡིན་པ་ལས་ལོག་པ་ཡིན་ན་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པས་ཁྱབ། ཁྱོད་ཁྱོད་ཡིན་ན་བུམ་པའི་བྱེ་བྲག་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། ༼༡༠༦༽ཀྭ་བུམ་གཉིས་དང་ཡིན་ཁྱབ་མཉམ་ཡིན་ན། ཡོད་པ་དང་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་མཚན་མཚོན་གཉིས་པོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༠༧༽མ་ཡིན་པ་དང་ཤེས་པ་གཉིས་ཀ་ཡིན་ན་ཤེས་པ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ལྡོག་པ་གསུམ་པོ་རེ་རེའི་ངོ་བོར་གྱུར་པའི་ཤེས་པའི་གཞལ་བྱ་ལ་བསྟན་ཡོད་བསྟན་མེད་ཀྱི་གཟུགས་གཉིས་ཡོད་པའི་ཕྱིར། ༼༡༠༨༽མཚོན་བྱ་དང་ཁྱོད་ལ་མུ་བཞི་ཡོད་ན། མཚན་ཉིད་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་བསྡུས་ཚན་བཅུ་གསུམ་དང་ཉེར་བདུན་གང་རུང་ཡོད་པའི་ཕྱིར། ༼༡༠༩༽བདག་མེད་ཡིན་ན་ཁྱོད་ཡིན་པས་ཁྱབ། ཁྱོད་ཡིན་ན་རྣམ་མཁྱེན་དང་གཅིག་ཡིན་པས་ཁྱབ་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་རྣམ་མཁྱེན་ཡིན་མིན་གཉིས་ཡོད་པའི་ཕྱིར། ༼༡༡༠༽ཁྱོད་ཁྱོད་མ་ཡིན། རྣམ་མཁྱེན་ཁྱོད་མ་ཡིན། རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་ཁྱོད་ཡིན་ན། ཁྱོད་གང་དྲན་དྲན་ཡིན་པས་མ་ཁྱབ་ཀྱི་སྐྱོན་ཡིན་ན། ཁྱོད་ཀྱི་གཞི་མཐུན་མེད་པས་ཁྱབ་པའི་ཕྱིར། ༼༡༡༡༽རྣམ་མཁྱེན་དང་ཡིན་ཁྱབ་མཉམ་ཡིན་ན་བདག་མེད་དང་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་བསྡུས་གྲྭའི་རྩོམ་འཕྲོ་ལས་བཤད་པའི་མ་ཟིན་པའི་ཁམས་དགུ་ཡོད་པས་དེ་དགུ་བོ་རེ་རེ་ལ་སྒྲིབ་ལ་ཐོག་བཅས་དང་དམིགས་པ་ལ་ཐོག་བཅས་གཉིས་ཡོད་པའི་ཕྱིར། ༼༡༡༢༽ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་དང་ཡིན་པ་སྲིད་པའི་ཆོས་གཉིས་ལ་མུ་བཞི་ཡོད་པར་རྟོགས་པའི་ཚད་མའི་གཞལ་བྱ་ལ་གཟུགས་རྣམ་ཉི་ཤུ་ཡོད་པའི་ཕྱིར། ༼༡༡༣༽རྣམ་མཁྱེན་གྱི་ལྡོག་པ་གསུམ་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་ན་དངོས་པོ་ལྡོག་པ་གསུམ་པོ་རེ་རེ་དང་ཁྱོད་ལ་མུ་བཞི་མེད་པས་མ་ཁྱབ་ཀྱི་སྐྱོན་ཡིན་ན། ཁྱོད་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་མེད་པས་ཁྱབ་པའི་ཕྱིར། ༼༡༡༤༽ཁྱོད་ཡིན་པར་གྱུར་པའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་ན། ཁྱོད་ཀྱི་ཡིན་པ་མེད་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྟག་དངོས་གཉིས་ཡོད་པའི་ཕྱིར། ༼༡༡༥༽གཅིག་དང་ཁྱོད་ལ་མུ་བཞི་ཡོད་པའི་བསྡུ་བྱ་བསྡུ་བྱེད་ཀྱི་རེག་བྱ་གཉིས་ཡོད་པའི་ཕྱིར། ༼༡༡༦༽སངས་རྒྱས་ཀྱི་འཕྲིན་ལས་ཀྱི་ངོ་བོར་གྱུར་པའི་གཟུགས་ཁམས་ཉེར་ལྔ་ཁྱོད་ལ་ཡོད་ན། ཁྱོད་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གནས་གསུམ་གྱི་བསྡུས་པའི་གཟུགས་ཡོད་པའི་ཕྱིར། ༼༡༡༧༽ཟིན་པའི་ཁམས་དང་མ་ཟིན་པའི་ཁམས་གཉིས་པོ་རེ་རེ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༡༨༽ལྡོག་པ་གསུམ་གྱི་ངོ་བོར་གྱུར་པའི་ཤེས་པའི་གཞལ་བྱ་ལ་བསྟན་ཡོད་བསྟན་མེད་ཀྱི་གཟུགས་གཉིས་ཡོད་པའི་ཕྱིར། ༼༡༡༩༽ཁྱོད་རྟོགས་པའི་རྗེས་དཔག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་ན། ཁྱོད་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། ༼༡༢༠༽བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་ན། བུམ་པའི་དགག་གཞི་ཡིན་པས་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ༼༡༢༡༽ཁྱོད་དུ་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་དང་། ཁྱོད་དུ་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། ༼༡༢༢༽དངོས་པོར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཁྱོད་དང་། རྟག་པར་རྟོགས་པའི་ཚད་མ་ཁྱོད་དུ་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཁྱོད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པའི་ཕྱིར། ༼༡༢༣༽ཁྱོད་དུ་རྟོགས་པའི་ཚད་མ་ཁྱོད་དང་། ཁྱོད་ཀྱི་ལྡོག་པ་གསུམ་པོ་རེ་རེ་ནས་ཁྱོད་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་ལས་ལོག་པ་གཉིས་ཡོད་པའི་ཕྱིར། ཁ་དོག་དཀར་དམར་སོགས་ཀྱི་སྐབས་སོ།།
ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn