དགག་གཞི་རྐྱང་རྩིས་བཞུགས།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-10 07:22:34     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

           གང་ཞིག་ཡིད་མཁར་བསྟེན་པ་ཙམ་གྱིས་ཀྱང་།།ཤེས་བྱའི་གནས་ལ་རྨོངས་བའི་མུན་བསལ་ཏེ།།རིགས་ལམ་བྱེ་བའི་འོད་སྟོང་འགྱེད་མཛད་པ།།   འཇམ་དཔལ་དཔའ་བོས་བློ་གཏེར་སྒོ་བརྒྱ་ཕྱེ།།  འདིར།  བུམ་པའི་དགག་གཞི་ཆོས་ཅན།   གཟུགས་ཆོས་ཅན།  སྒྲ་ཆོས་ཅན།    དྲི་ཆོས་ཅན།  རོ་ཆོས་ཅན།   རེག་བྱ་ཆོས་ཅན།   ཡོད་པར་ཐལ།  ཡོད་པའི་ཕྱིར།  ཞེས་པའི་ཐལའགྱུར་འདིའི་སྟེང་ནས་བཞི་སྦྲགས མའི་དབང་དུ་བྱས་པའི་དྲིས་འཕང་ལྔ་ཙམ་རྩི་ཚུལ་གྱི་བརྗེད་ཐོ་ནི།   ༈༼༡༽སོགས་བཀོད་དེ།  ༼༢༽ཀྱིས་འདོད་ལན་འདེབས།༼༡༽ལ་༼༢༽མི་རིགས་ཞེས་འཕེན་༼༢༽བཀོད་དེ་༼༡༽སྟེང་༼༢༽མི་རིགས་པར་འདོད་ཅེས་རྩི་རིགས།  རེ་རེ་ལ་༼༤༽རྩི་དྲིས་འཕང་དང་པོ་སོང་།༈༼༢༽བཀོད་པར་༼༤༽མི་རིགས་ཞེས་འཕེན།༼༤༽བཀོད་དེ༼༢༽སྟེང་༼༤༽མི་རིགས་པར་འདོད་ཅེས་རྩི་རིགས།  རེ་རེ་ལ་༼༨༽རྩི།  དྲིས་འཕང་གཉིས་པ་སོང་།༈༼༤༽བཀོད་པར་༼༨༽མི་རིགས་ཞེས་འཕེན།  ༼༨༽བཀོད་དེ།༼༤༽སྟེང་

  ༼༨༽མི་རིགས་པར་འདོད་ཅེས་རྩི་རིགས་རེ་རེ་ལ།  ༼༡༦༽རྩི་དྲིས་འཕང་གསུམ་པ་སོང་།  ༈༼༨༽བཀོད་པར་༼༡༦༽མི་རིགས་ཞེས་འཕེན།  ༼༡༦༽བཀོད་དེ་༼༨༽སྟེང་༼༡༦༽མི་རིགས་པར་འདོད་ཅེས་རྩི་རིགས།  རེ་རེ་ལ༼༣༢༽རྩི།  དྲིས་འཕང་བཞི་བ་སོང་།  ༈༼༡༦༽བཀོད་པར་༼༣༢༽མི་རིགས་ཞེས་འཕེན།  ༼༣༢༽བཀོད་དེ་༼༡༦༽སྟེང་༼༣༢༽མི་རིགས་བར་འདོད་ཅེས་རྩི་རིགས་ཚན་པ་རེ་རེ་ལ་༼༦༤༽རེ་བརྩིས་བས་དྲིས་འཕང་ལྔ་བ་རྫོགས།  མདོར་ན་རྩོད་གཞིའི་སྟེང་དུ་རྩོད་གཞི།  རྩོད་གཞིའི་སྟེང་དུ་གསལ་བ་དེ་ཡིན་པར་འདོད་ཅེས་པ་སྟེ།  རྩོད་གཞི་བརྒྱ་སྟོང་ཡོད་ཀྱང་དེའི་རིགས་པས་ཤེས་སོ།།དེ་ལྟར་རིགས་གཞུང་པདྨོའི་འོ་མཚོ་རུ།།  ཉེ་བར་རྩེན་པའི་མང་ཐོས་གསེར་མིག་ཅན།།  ཤེས་རབ་རྒྱ་མཚོ་ཞེས་བྱའི་རྟོག་གེ་བས།།  དབྱར་གྱི་ལྗོངས་རྒྱུར་སྐྱོ་སངས་ཕྱིར་དུ་བྲིས།།  མངྒ་ལཾ།།  །།

                      རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།